མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-01
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕེན་དང་ལིས་ཁི་ཆཱང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལེ་སོགས་མགོ་ཁྲིད་བློ་མཐུན་འདེམ་བསྐོ་ལས་ཁུངས་མི་འདྲ་བ་ནས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལ་བདམས།
སྤྱི་ཟླ2པའི་ཚེས27ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པའི་སྟེང་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སོགས་འདེམ་བསྐོ་ལས་ཁུངས35ནས་བདམས་ཐོན་བྱུང་བའི་འཐུས་མི2987གཏན་ཁེལ་བྱས་པར་མ་ཟད་འཐུས་མིའི་མིང་ཐོ་ཁྱབ་སྒྲོག་བྱེད་རྒྱུ་ཐག་བཅད།
ཞི་ཅིན་ཕེན་དང་ལིས་ཁི་ཆཱང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལེ་སོགས་མགོ་ཁྲིད་བློ་མཐུན་སོ་སོར་ཧྲང་ཧེ་དང་ཧྲན་ཏུང་། ཀྲེ་ཅང་། ཧུའུ་པེ། ནང་སོག པེ་ཅིན། ཐེན་ཅིན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་འདེམ་བསྐོ་ལས་ཁུངས་ནས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལ་བདམས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10