བོད་ལྗོངས་ཀྱིས་སྤྱི་པའི་རིག་གནས་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་པ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2013-03-01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་བྱས་པས་སྤྱི་པའི་རིག་གནས་ཞབས་ཞུར་གཏོང་ཆ་རིམ་བཞིན་མང་དུ་འགྲོ་བ་དང་གཞི་རིམ་རིག་གནས་ཞབས་ཞུའི་མཁྲེགས་ཆས་ལས་གྲྭའི་འཛུགས་སྐྲུན་མགྱོགས་པོ་བྱུང་སྟེ་རིག་གནས་ཀྱི་རིམ་པ་མི་དགོས་པའི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་འགྲོ་བའི་དགའ་འོས་པའི་རྣམ་པ་ཐོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཤང་གྲོང543ཡི་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་རྫོང23གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་བྱ་ཡུལ་སྒོ་ཀུན་ནས་སྐྲུན་འགོ་ཚུགས་པ་དང་མིག་སྔའི་བར་ལས་གྲྭའི་འབོར་ཚད་ཀྱི48%ལེགས་གྲུབ་བྱུང་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་འབྲེལ་ཡོད་འགན་འཁུར་བས2012ལོར་རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིག་གནས་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར51དོན་འཁྱོལ་བྱས་པ་དང་འདི་ལོར་སླར་ཡང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་དེ་བས་མང་བ་ཞིག་ལ་རིག་གནས་ཞབས་ཞུ་ཐོབ་པ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།  །

  • ལེ་ཚན་སྔོན་མ།:ཆུ་ཆེན་རྫོང་ནི་སི་ཁྲོན་ཞིང་ཆེན་གྲོང་གསེབ་གནས་སྐོར་ཚོད་ལྟའི་རྫོང་དུ་བདམས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་སོགས་མགོ་ཁྲིད་བློ་མཐུན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལ་བདམས་པ།
  • དོ་སྣང་ཆེ་བའི་རྩོམ།