ཅ་ཆིན་ལིན་གྱིས་ལེན་ཀྲན་འཁོར་དང་བཅས་བར་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-02-28

ཅ་ཆིན་ལིན་གྱིས་ལེན་ཀྲན་འཁོར་དང་བཅས་བར་མཇལ་འཕྲད་གནང་བ།
 སྤྱི་ཟླ2པའི་ཚེས26ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅི་ཆིན་ལིན་གྱིས་པེ་ཅིན་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོ་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་དང་ཐེ་ཝན་ལས་རིགས་ཁག་གི་མི་སྣའི་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅི་ཆིན་ལིན་གྱིས་སྤྱི་ཟླ2པའི་ཚེས26ཉིན་གྱི་ཕྱི་དྲོར་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོ་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་དང་ཐེ་ཝན་ལས་རིགས་ཁག་གི་མི་སྣའི་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་།

  ཅ་ཆིན་ལིན་གྱིས་ལེན་ཀྲན་ནི་མི་རིགས་ལ་བརྩེ་བ་ཟབ་མོ་ཡོད་པའི་ཆབ་སྲིད་པ་ཞིག་ཡིན་པའི་ངོས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་གོང་དུ་སྤེལ་བའི་ཐད་ལ་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་གདེངས་འཇོག་མཐོན་པོ་གནང་། ཅ་ཆིན་ལིན་གྱིས2005ལོར་ཀྲུའུ་ཞི་ལེན་ཀྲན་གྱིས་གདན་ཞུས་པ་ལྟར་ཚོགས་པ་ཁྲིད་དེ་སྐམ་ས་ཆེན་མོར་འཚམས་འདྲིར་འོངས་ཏེ། ཀྲུང་གོ་གོ་མིན་ཏང་དང་གུང་ཁྲན་ཏང་བར་གྱི་འབྲེལ་བའི་ལོ་རྒྱུས་དེབ་ཐེར་གསར་བསྐྲུན་གྱི་མགོ་ཚུགས། ཏང་ཁག་གཉིས་ཀའི་མགོ་ཁྲིད་པས་མཉམ་དུ་མཚོ་འགག་འགྲམ་གཉིས་ཀྱི་ཞི་བའི་འཕེལ་རྒྱས་ཐུན་མོང་མོས་འདུན་ཞེས་པ་བསྒྲགས་པ་དེ་ལ་དོན་སྙིང་ཟབ་མོ་ལྡན་པ་དང་། མཚོ་འགག་འགྲམ་གཉིས་ཀའི་འབྲེལ་བའི་ལོ་རྒྱུས་དེབ་ཐེར་དུ་བཀོད་ཅེས་བསྟན།

  ཅ་ཆིན་ལིན་གྱིས་ཀྲུང་གུང་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་ཕྱིན་ཆད་མཚོ་འགག་འགྲམ་གཉིས་ཀའི་འབྲེལ་བ་གོང་དུ་སྤེལ་བའི་མཛུབ་སྟོན་བསམ་བློ་དང་སྤྱིའི་བཀོད་སྒྲིག འབད་བརྩོན་དམིགས་ཡུལ་བཅས་གསལ་བོར་གཏན་ལ་ཕབ་པ་དང་། སྲིད་ཇུས་ཀྱི་ལྟ་བ་གལ་ཆེན་རབ་དང་རིམ་པ་བཏོན་པས། མཚོ་འགག་འགྲམ་གཉིས་ཀའི་འབྲེལ་བ་ཞི་བའི་ངང་གོང་དུ་སྤེལ་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་བསྟན་པར་མ་ཟད། རེ་བ་ལ་མཚོ་འགག་འགྲམ་གཉིས་ཀྱིས་ནམ་རྒྱུན་དང་འདྲ་བར་ཕན་ཚུན་ལ་ཡིད་ཆེས་པ་དང་། རྩོད་གཞི་མཚམས་འཇོག་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག མཉམ་རྒྱལ་མཉན་སྐྲུན་བཅས་ཀྱི་སྙིང་སྟོབས་ལ་དམིགས་ཏེ། མུ་མཐུད་དུ་མཉམ་ལས་ཧ་ཅང་བཟང་པོ་བྱེད་དགོས་ཞེས་གསུངས།

  ཅ་ཆིན་ལིན་གྱིས་མཚོ་འགག་འགྲམ་གཉིས་ཀའི་འབྲེལ་བ་ཞི་བའི་ངང་གོང་དུ་སྤེལ་རྒྱུ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། མི་རིགས་ལ་ཕན་ཐོགས་པའི་ལས་དོན་ཞིག་ཡིན་པས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཉམ་དུ་དེའི་ཐད་ལ་བློ་གྲོས་དང་སྟོབས་ཤུགས་འདོན་རྒྱུ་དང་། ཐེ་ཝན་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་མཁྱེན་དཔྱོད་ཡངས་པ་དག་གིས་ང་ཚོ་དང་ལྷན་དུ་ལས་དོན་དེའི་ཁྲོད་དུ་ཞུགས་པར་ང་ཚོས་དགའ་བསུ་ཞུ་ཞེས་ནན་གྱིས་བསྟན།
ལེན་ཀྲན་གྱིས་མཚོ་འགག་འགྲམ་གཉིས་ཀས་ངེས་པར་དུ་ཀྲུང་ཧྭའི་རིག་གནས་རྨང་གཞིའི་སྟེང་གི་ཕན་ཚུན་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། སྔར་ཡོད་ཀྱི་རྨང་གཞིའི་སྟེང་དུ་མཉམ་ལས་བྱས་ཏེ། མཉམ་དུ་ཀྲུང་གོ་བ་དང་ཀྲུང་ཧྭ་མི་རིགས་ཡོངས་ལ་དབང་བའི་བརྟན་འཇགས་དང་དར་རྒྱས་ཀྱི་དུས་རབས་གསར་བ་སྐྲུན་དགོས་ཟེར།  །


 

  • ལེ་ཚན་སྔོན་མ།:ཞིན་ཧྭ་གསར་འགྱུར་ཁང་གིས་བློ་མཐུན་ཝང་ཆི་ཧྲན་གྱིས་གནང་བའི་ལས་དོན་སྙན་ཞུ་སྤེལ་བ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་ད་ལོ་ཤར་གཏོང་ཐུབ་པའི་ལྕགས་ལམ་ལ་དངུལ་སྒོར་དུང་ཕྱུར6500གཏོང་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།