ཞིན་ཧྭ་གསར་འགྱུར་ཁང་གིས་བློ་མཐུན་ཝང་ཆི་ཧྲན་གྱིས་གནང་བའི་ལས་དོན་སྙན་ཞུ་སྤེལ་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-02-27

ཞིན་ཧྭ་གསར་འགྱུར་ཁང་གིས་བློ་མཐུན་ཝང་ཆི་ཧྲན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་ལས་དོན་སྙན་ཞུ་སྤེལ་ཡོད་པ་དང་། འགོ་བརྗོད་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་གསར་པ་ཧུར་ཐག་གཏོད་དགོས་ཞེས་པ་དེ་ཡིན་པ་རེད། སྙན་ཞུའི་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱིས་མཛུབ་ཁྲིད་བྱེད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་སྐོར་ལ་གནང་བའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་དང་། སྙན་ཞུའི་ནང་ཏང་གི་སྒྲིག་ཡིག་གི་དབང་གྲགས་རང་བཞིན་དང་སྒམ་ནན་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་ནས། ཀྲུང་དབྱང་གིས་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་བྱ་རྒྱུ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་བརྒྱད་ཆད་ལུས་མེད་པའི་ངང་དོན་འཁྱོལ་བྱ་རྒྱུ། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱ་རྒྱུ་གཉིས་ཀར་དམ་འཛིན་དང་གཉིས་ཀར་མཐོང་ཆེན་བྱེད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་སོགས་ཕྱོགས་གསུམ་གྱི་ཐད་སྤྱི་ལོ2013ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ལས་འགན་གཙོ་བོ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་རང་ངོས་ཀྱི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད། 
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པ་མི
  • ལེ་ཚན་རྗེས་མ།:ཅ་ཆིན་ལིན་གྱིས་ལེན་ཀྲན་འཁོར་དང་བཅས་བར་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།