མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-02-27
སྤྱི་ཟླ2པའི་ཚེས25ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས།
སྤྱི་ཟླ2པའི་ཚེས25ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་། ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པ་སྤྱི་ཟླ2པའི་ཚེས25ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་པར་གྲ་སྒྲིག་བྱེད་རྒྱུ་དེ་རེད། ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
གྲོས་འཆམ་བྱུང་བའི་གྲོས་རིམ་ལྟར། ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་ལ་གྲོས་ཞིབ་བྱས་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝང་ཝན་པེན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་བདམས་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧོང་ཀྲིན་ཏུང་གིས་ཕུལ་བའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་གྲོས་ཞིབ་བྱེད་པར་སྤྲད་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན་དང་། ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིན་ཆེན་མོའི་མིང་ཐོའི་འཆར་ཟིན་དང་ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས།
ཚོགས་ཐོག་ནས་ད་དུང་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲོས་ཚོགས་གླེང་སྟེགས་ཀྱི་སྐབས་ཉེར་གཅིག་པའི་ལོ་ཚོགས་ལ་ཞུགས་པར་མ་ཟད། མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་མཛད་པའི་གནས་ཚུལ་སྐོར་གྱི་ཡིག་ཐོག་གི་སྙན་ཞུ་སོགས་ལ་གྲོས་ཞིབ་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10