མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-02-27
སྤྱི་ཟླ2པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་དང་ཐེ་ཝན་གྱི་ལས་རིགས་སོ་སོའི་མི་སྣའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།
སྤྱི་ཟླ2པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་སོགས་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྤྱི་ཟླ2པའི་ཚེས25ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་དང་ཐེ་ཝན་གྱི་ལས་རིགས་སོ་སོའི་མི་སྣའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་སྐབས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་མཚོ་འགག་འགྲམ་གཉིས་ཀྱི་ཞི་བའི་གཅིག་གྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ནི་སྐབས་གསར་བའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་ཐུན་མོང་གི་འགན་འཁྲི་ཡིན་ཞེས་ནན་གྱིས་གསུངས།
མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་ཚོར་བློ་བརྟན་འགྱུར་མེད་སྒོས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་། དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཏེ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བར་མདུན་ལྗོངས་གསར་བ་གསར་གཏོད་བྱེད་པ། ཐེ་ཝན་སྤུན་ཟླ་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ལ་ཡིད་ཆེས་ཆེན་པོ་ཡོད། ང་ཚོས་མུ་མཐུད་དུ་ཡང་འབད་བསྐྱར་འབད་དང་དངོས་གཉེར་བརྩོན་ལེན་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་མཚོ་འགན་འགྲམ་གཉིས་ཀྱི་སྤུན་ཟླ་ལ་བདེ་སྐྱིད་བསྐྲུན་ངེས་ཡིན་ཟེར།
ལེན་ཀྲན་གྱིས་བཤད་རྒྱུར། ལོ་འདི་དག་གི་རིང་ལ་མཚོ་འགག་འགྲམ་གཉིས་ཀྱི་ཞི་བའི་འཕེལ་རྒྱས་ཀྱི་ཐུན་མོང་གི་རེ་འདུན་དེ་རིམ་བཞིན་དངོས་འབེབས་བྱས་པ་དང་མཚོ་འགག་འགྲམ་གཉིས་ཀྱི་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་འགྱུར་བ་མེད་པའི་ཡང་དག་བགྲོད་ལམ་ཡིན་པ་དང་། དུས་སྐབས་གསར་བའི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། མགོ་ཚུགས་ས་གསར་བ་ནས་མུ་མཐུད་གཏིང་ཟབ་ཏུ་སྤེལ་དགོས། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཤེས་རིག་དང་བློ་གྲོས་འདོན་སྤེལ་གང་ལེགས་བྱས་ཏེ། གཉིས་ཕན་མཉམ་བསྲེས་དང་ཀྲུང་ཧྭ་དར་སྤེལ་བྱས་ནས། མི་རིགས་ཀྱི་འོད་སྟོང་འབར་བའི་དུས་རབས་གསར་བ་གསར་གཏོད་བྱེད་ངེས་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10