ཀན་སུའུ་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་ཀྱི་སློབ་གསོ་བྱ་གཞག་ལ་ཤུགས་སྣོན་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-02-27

གསར་འགོད་པས་ཡུན་ནན་ཞིང་ཆེན་སློབ་གསོ་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། 2012ལོར་ཀན་སུའུ་ཞིང་ཆེན་གྱིས་སློབ་གྲྭ་འཛུགས་སྐྲུན་དང་བྱིས་གཉེར་ཁང་འཛུགས་སྐྲུན། སྐད་གཉིས་དགེ་རྒན་གསོ་སྐྱོང་སོགས་ཕྱོགས་གང་ཅི་ཐད་ནས་བོད་རིགས་ས་ཁུལ་གྱི་སློབ་གསོ་བྱ་གཞག་ལ་ཤུགས་སྣོན་པ་མ་ཟད།  ཆེད་སྦྱོད་མ་དངུལ་སྒོར་ཁྲི500ལྷག་བཀོད་སྒྲིག་བྱས་ཏེ་བོད་རིགས་ས་ཁུལ་གྱི་སློབ་གོས་བྱ་གཞག་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱས།

2012ལོར་ཀན་སུའུ་ཞིང་ཆེན་གྱིས་ཀྲུང་དབྱང་ནོར་སྲིད་ཕྱོགས་ཀྱི་མི་རིགས་སློབ་གསོ་ཆེད་སྤྱོད་རོགས་དངུལ་སྒོར་ཁྲི780བརྩོན་ལེན་བྱས་པ་མ་ཟད།  གྲངས་ཉུང་མི་རིགས་མཐའ་མཚམས་ས་ཁུལ་བཅའ་སྡོད་སློབ་གྲྭ་ཆུང་འབྲིང་གི་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི400བཀོད་སྒྲིག་བྱས་ཏེ། གཙོ་བོ་ཀན་སུའུ་ཞིང་ཆེན་བོད་རིགས་ས་ཁུལ་དང་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། སྔར་ལས་ལྷག་པར་བོད་རིགས་ས་ཁུལ་གྱི་བྱིས་པ་རྣམས་བྱིས་གཉེར་ཁང་དུ་སྐྱེལ་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཆེད།  ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར1.25འགྲེམ་གཏོང་བྱས་ཏེ།  མི་རིགས་ས་ཁུལ་དུ་བྱིས་གཉེར་ཁང78གསར་སྐྲུན་བྱས་པ་དང་།  གཞན་ད་རུང་ཀན་སུའུ་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅུ་གཉིས”སྐབས་ཀྱི་སྐད་གཉིས་དགེ་རྒན་གསོ་སྐྱོང་འཆར་འགོད་བཟོས་ཤིང་།  བོད་རིགས་ས་ཁུལ་དུ་སྐད་གཉིས་སློབ་གསོ་གཉེར་བཞིན་པའི་དགེ་རྒན་རྣམས་ལ་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་རྒྱུ་རེད། 

ཡུན་ནན་ཞིང་ཆེན་སློབ་གསོ་ཐིན་གྱི2013ལོའི་བྱ་གཞག་ཁྲོད།  བོད་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ནི་བྱ་བ་ཀུན་གྱི་གཙོ་གནད་དུ་བཞག་ཡོད་པ་དང་། ད་ལོར་ཀན་སུའུ་ཞིང་ཆེན་གྱིས་མུ་མཐུད་དུ་མི་རིགས་ས་ཁུལ་གྱི་སློབ་ཞུགས་སྔོན་གྱི་སློབ་གསོ་ནུས་ཤུགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་གནང་སྟེ།  མི་རིགས་ས་ཁུལ་སློབ་གྲྭ་ཆུང་འབྲིང་འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་རྒྱུ་རེད། 

  • ལེ་ཚན་སྔོན་མ།:རྔ་བ་ཁུལ་གྱིས་ལོ་སར་སྐབས་སུ་རིག་གནས་བྱ་འགུལ་སྣ་མང་སྤེལ་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཀྲུང་གོ་གོ་མེན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་སོགས་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།