རྔ་བ་ཁུལ་གྱིས་ལོ་སར་སྐབས་སུ་རིག་གནས་བྱ་འགུལ་སྣ་མང་སྤེལ་བ།
རྔ་བ་གསར་འགྱུར་དྲ་བ། 2013-02-27
2013ལོའི་ལུགས་རྙིང་ལོ་གསར་སྐབས་སུ། མི་དམངས་མང་ཚོགས་ཀྱི་དུས་ཆེན་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རིག་གནས་སྡེ་ཁག་གིས་ཧུར་ཐག་སྒོས་རྩ་འཛུགས་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱ་འགུལ་རབ་དང་རིམ་པ་སྤེལ་ཞིང་། ཁུལ་ཡོངས་སུ་བསྡོམས་པས་སྤྱི་པའི་རིག་གནས་ཞབས་ཕྱི་སྒྲིག་ཆས་ཐེངས2524རིན་མི་དགོས་པར་སྒོ་འབྱེད་ནས་མང་ཚོགས་མི་ཐེངས30288ལ་སྣེ་ལེན་བྱས་པ་དང་། གཞི་རིམ་ནས་རིག་རྩལ་ཐེངས32སྤེལ་བས་མང་ཚོགས་མི་ཐེངས9600ལྷག་ལྟད་མོར་འབྱོར་ཡོད་ལ། གཞི་རིམ་ནས་གློག་བརྙན་ཐེངས23ལ་སྟོན་པས་ལྟད་མོ་བ་མི་ཐེངས4300ལྷག་འབྱོར་བ་དང་། ད་རུང་ཐང་ཆེན་དུ་མང་ཚོགས་ཅན་གྱི་རིག་གནས་བྱ་འགུལ་ཐེངས117ལ་སྤེལ་བས་མང་ཚོགས་མི་ཐེངས23400ལྷག་འབྱོར་ཡོད་པ་རེད།