ཁུལ་སྨན་ཁང་གི་སྐབས་བཅོས་ཕྱོགས་བསྡུས་ཐོག་ཁང་ཆེན་མོ་བེད་སྤྱོད་བྱེད་འགོ་ཚུགས།
དབྱངས་ཅན་གྱིས་བསྒྱུར། 2013-02-26
ཟླ་བ་དང་པོའི་ཚེས28ཉིན་ཁུལ་སྨན་ཁང་གི་སྐབས་བཅོས་ཕྱོགས་བསྡུས་ཐོག་ཁང་ཆེན་མོ་རྒྱས་སྐྲུན་བྱེད་པའི་ཨར་ལས་ལེགས་འགྲུབ་བྱུང་བར་མ་ཟད་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་པ་རེད།
ཁུལ་སྨན་ཁང་གི་སྐབས་བཅོས་ཕྱོགས་བསྡུས་ཐོག་ཁང་ཆེན་མོ་རྒྱས་སྐྲུན་བྱེད་པའི་ཨར་ལས་དེས་སྤྱིའི་གཞི་ཁྱོན་སྨི་གྲུ་བཞི་མ781.49ཡོད་པ་དང་། འཛུགས་སྐྲུན་གྱི་གཞི་ཁྱོན་སྨི་གྲུ་བཞི་མ6148.84བཟུང་ཡོད་པས་སྤྱིའི་མ་དངུལ་སྒོར་ཁྲི2427.59གཏོང་འཇོག་བྱས་ཡོད། དེའི་ནང་ཀྲུང་དབྱང་གི་སྔོན་རྩིས་འཆར་འགོད་ནང་ཚུད་པའི་མ་དངུལ་སྒོར་ཁྲི2200བཏང་ཡོད་པ་དང་རང་གྲབས་མ་དངུལ་སྒོར་ཁྲི227.59གསོག་འཇོག་བྱས་ཡོད། ཕྱོགས་བསྡུས་ཐོག་ཁང་ཆེན་མོར་ཁང་བརྩེགས7ཡོད་ལ་ས་འོག་ཏུ་ཁང་བརྩེགས་གཅིག་ཡོད། སྒོ་བསྟེན་སྨན་བཅོས་ཁང་ཆེན་དེ་བེད་སྤྱོད་བྱས་རྗེས། ནད་པ་ཚོས་ཐད་ཀར་ཁག་བགོས་ནས་སྨན་བཅོས་དང་སྨན་བཅོས་བྱེད་པ་སྒུག་ཆོག ས་འོག་གི་ཁང་བརྩེགས་དེ་ཁམས་བདེ་ཞིབ་བཤེར་གྱི་དོ་དམ་ལྟེ་གནས་སུ་ཆེད་བཀོད་བྱས་ཡོད། ཁང་བརྩེགས7པའི་ཐོག་ཁག་བགོས་ནས་ཁོང་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག དབང་པོ་ལྔའི་ཚན་ཁག་སོགས་སྲོལ་རྒྱུན་གྱི་ཚན་ཁག་བཀོད་སྒྲིག་བྱས་ཡོད་པ་དང་། ཚན་ཁག་སོ་སོར་སྐབས་བཅོས་བྱེད་ས་བཀོད་སྒྲིག་བྱས་ཡོད་པས་ནད་པ་ཚོའི་སྨན་བཅོས་བྱེད་པར་ཧ་ཅང་སྟབས་བདེ་བྱས་ཡོད། ཐོག་ཁང་ཆེན་མོ་རུ་ཚང་མ་ས་འོག་ཚ་ནུས་མ་ལག་དང་། བདེ་སྲུང་གི་ལྟ་སྐུལ་ཚོད་འཛིན་མ་ལག མེ་སྐྱོན་གྱི་རང་ཤུགས་ཉེན་བརྡར་གཏོང་ཡས་དང་མཉམ་འགུལ་ཚོད་འཛིན་གྱི་མ་ལག རྒྱང་སྒྲོག་དང་སྐུད་ཡོད་བརྙན་འཕྲིན་མ་ལག་སོགས་བཀོད་སྒྲིག་བྱས་ཡོད་སྟབས། ཁོར་ཡུག་དེ་བས་བཟང་བ་དང་ཞབས་ཕྱི་དེ་བས་ཡག་པོ་ཡིན་བརྟེན། མང་ཚོགས་ཀྱི་ནད་སྟེན་སའི་ཁོར་ཡུག་དང་ཆ་རྐྱེན་ལེགས་བཅོས་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྨན་བཅོས་དགོས་མཁོ་སྐོང་ཐུབ་པ་རེད།