བཙན་ལྷ་ནས་དཔལ་སྨད་བར་གྱི་གཞུང་ལམ་བསྐྱར་བཟོ་ལས་གྲྭར་ཐོག་མའི་གྲུབ་འབྲས་ཐོབ།
ཀུན་དགས་བསྒྱུར། 2013-02-26
ཁུལ་གཞུང་ལམ་ཅུས་ཀྱི་ཞིང་ཆེན་རིམ་པའི་ལམ་ཐིག303པའི་བཀོད་འདོམས་པུའུ་དང་།ལྟ་སྐུལ་དོ་དམ་པུའུ། ཨར་ལས་སྡེ་ཚན་སོ་སོའི་ལས་བཟོ་ཡོངས་རྫོགས་ཀྱིས་འབད་བརྩོན་བྱས་འོག ཞིང་ཆེན་རིམ་པའི་ལམ་ཐིག303པའི་བཙན་ལྷ་ནས་དཔལ་སྨད་བར་གྱི་གཞུང་ལམ་བསྐྱར་བཟོའི་ལས་གྲྭ་ལག་ལེན་བྱས་ནས་བཙན་ལྷ་ནས་རོང་བྲག རོང་བྲག་ནས་དཔལ་སྨད་བར་གྱི་གཞུང་ལམ་དུམ་བུའི་འགྲིམ་འགྲུལ་ཆ་རྐྱེན་ཇེ་ཡག་ཏུ་འགྲོ་ཡོད། ཞིང་ཆེན་རིམ་པའི་ལམ་ཐིག303པ་བཙན་ལྷ་ནས་བ་སྨད་བར་གྱི་གཞུང་ལམ་བསྐྱར་བཟོ་བྱས་པ་དེས་བཙན་ལྷ་ནས་རོང་བྲག རོང་བྲག་ནས་རྟའུ་བར་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་བཏང་བ་དང་།རྔ་བ་དང་དཀར་མཛེས་བར་གྱི་འབྲེལ་བ་ཇེ་གཟབ་ཏུ་བཏང་ནས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་དུ་གལ་ཆེའི་ནུས་པ་ཐོན་ཡོད་པ་རེད།
མིག་སྔར། ལས་གྲྭ་དེར་མ་དངུལ་སྒོར་དུང་ཕྱུར3.6བཏང་ཟིན་པས་གཏོང་འཇོག་བྱས་པའི་མ་དངུལ་བསྡོམས་གྲངས་ཀྱི་བརྒྱ་ཆ99.11ལ་ཟིན་ཡོད། བགྲོད་ལམ་ཉེན་མེད་བདེ་འཇགས་ཡོང་ཚད་མཐོ་རུ་བཏང་བ་དང་གཞུང་ལམ་བསྐྱར་བཟོར་ལས་གྲྭར་ཐོག་མའི་གྲུབ་འབྲས་ཐོབ་ཡོད་པ་རེད།