སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

        2013-02-26

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར།ཟླ་བ2པའི་ཚེས23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་ཟླ་བ2པའི་ཚེས26ཉིན་ནས་ཚེས28ཉིན་གྱི་བར་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་པེ་ཅིན་དུ་འཚོག་རྒྱུའི་གཏན་འཁེལ་བྱས་པ་རེད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གྱི་གཙོ་འགན་བཞེས།
    གྲོས་ཚོགས་ཀྱིས་《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་བསྒྱུར་དང་འགན་ནུས་བསྒྱུར་བའི་འཆར་གཞིའི་》མ་ཡིག་ལ་གྲོས་བསྡུར་བྱས་པ་རེད།
    གྲོས་ཚོགས་ཀྱིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་ངོ་སྤྲོད་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣ་འོས་མི་འདེམས་བསྐོ་བྱ་རྒྱུའི་གྲོས་གཞི་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་ངོ་སྤྲོད་བྱས་པའི་རྒྱལ་ཡོངས་སྲིད་ཀྱི་གྲོས་འགོ་ཁྲིད་མི་སྣའི་འོས་མི་གྲོས་བསྡུར་བྱས་པ་རེད།
    གྲོས་ཚོགས་ཀྱིས་གོང་གི་ཕྱོགས་གཉིས་ཐད་ཀྱི་ནང་དོན་དེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་དོན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐུན་
  • ལེ་ཚན་རྗེས་མ།:བཙན་ལྷ་ནས་དཔལ་སྨད་བར་གྱི་གཞུང་ལམ་བསྐྱར་བཟོ་ལས་གྲྭར་ཐོག་མའི་གྲུབ་འབྲས་ཐོབ།
  • དོ་སྣང་ཆེ་བའི་རྩོམ།