ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-02-28
མ་དངུལ་སྒོར་དུང་ཕྱུར6500དེ་དག་གཙོ་བོ་ཤར་གཏོང་ཐུབ་པ་བྱ་རྒྱུའི་ལྕགས་ལམ་གྱི་ལམ་ཐིག་དང་ཆ་སྦྱོར་སྒྲིག་ཆས་ཐད་གཏོང་རྒྱུ་དང་། ཆབས་ཅིག་བསྐྲུན་འགོ་བཙུགས་པའི་ལྕགས་ལམ་དག་དུས་ཐོག་ཏུ་འཆར་གཞི་ལྟར་བསྐྲུན་ཚར་བ་བྱ་རྒྱུ་རེད། ནན་ཅིང་ནས་ཧང་ཀྲོའུ་བར་གྱི་ཉིང་ཧང་མྱུར་བགྲོད་ལྕགས་ལམ་ནི་ད་ལོ་ཤར་གཏོང་ཐུབ་པ་བྱ་རྒྱུའི་གཙོ་གནད་ལམ་ཐིག་གི་གྲས་ཤིག་ཡིན་པ་རེད།
ཉིང་ཧང་མྱུར་བགྲོད་ལྕགས་ལམ་འཛུགས་བསྐྲུན་བྱེད་སར། ཉེ་བའི་ཉིན་ཤས་ནང་འཛུགས་བསྐྲུན་པ་རྣམས་ནས་བརྡ་འཕྲིན་མ་ལག་ལ་མཐའ་མཇུག་གི་ཞིབ་དཔྱད་དང་ཚོད་ལྟ་བྱེད་བཞིན་ཡོད་པ་རེད། བརྡ་འཕྲིན་མ་ལག་གི་ལས་མཇུག་འགྲིལ་བ་དེའི་ཐོག་ནས་མྱུར་བགྲོད་ལྕགས་ལམ་གྱི་འཛུགས་བསྐྲུན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་མཚོན་པ་དང་། སྔོན་དཔག་བྱས་ན་སྤྱི་ཟླ3པའི་ཚེས1ཉིན་ནས་མཉམ་འབྲེལ་ཚོད་ལྟ་བྱ་རྒྱུ་རེད། ཉིང་ཧང་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས། ནན་ཅིང་ནས་ཧང་ཀྲོའུ་བར་བསྐྱོད་སྐབས་ཧྲང་ཧའེ་སྐོར་ནས་འགྲོ་མི་དགོས་པར་ཐད་ཀར་སླེབས་ཀྱི་ཡོད་པ་དང་། དུས་ཚོད་ཀྱང་མིག་སྔའི་ཆུ་ཚོད2ལྷག་ཙམ་ནས་སྐར་མ50ཡི་གཡས་གཡོན་བར་མགྱོགས་སུ་འགྲོ་རྒྱུ་རེད། སྐབས་དེར་ཧྲང་ཧའེ་དང་། ནན་ཅིང་། ཧང་ཀྲོའུ་བཅས་གྲོང་ཁྱེར་ཆེན་པོ་གསུམ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྒྱུ་རེད།
ད་ལོ་མ་འཇོག་འགན་སྲུང་བྱ་རྒྱུའི་གཙོ་གནད་མྱུར་བགྲོད་ལྕགས་ལམ་གྲས་སུ་ཧང་ཀྲོའུ་ནས་ཉིང་པའོ་བར་གྱི་ཧང་ཡུང་མྱུར་བགྲོད་ལྕགས་ལམ་དང་། ཐན་ཅིན་ནས་ཆིན་ཧོང་ཟླའོ་བར་གྱི་ཅིན་ཆིན་མྱུར་བགྲོད་ལྕགས་ལམ། ཤི་ཨན་ནས་པའོ་ཅིའི་བར་གྱི་མྱུར་བགྲོད་ལྕགས་ལམ་བཅས་ཡོད་པ་རེད།
མ་དངུལ་འགན་སྲུང་ཡོད་པའི་རྐྱེན་གྱིས་མིག་སྔའི་བར་རང་རྒྱལ་གྱི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཁྲོད་ཀྱི་གཞུང་བཞི་གཞི་རྩའི་ཆ་ནས་སྐྲུན་ཚར་བ་དང་། འཕྲེད་གཞི་ཡང2015ལོའི་གོང་དུ་སྐྲུན་ཚར་རྒྱུ་རེད།
མྱུར་བགྲོད་ལྕགས་ལམ་འཛུགས་བསྐྲུན་ལ་གཞིགས་ནས། མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་འབབ་ཚུགས་ལ་བརྟེན་པའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཕྱོགས་བསྡུས་ལྟེ་གནས་ཀྱང་ད་ལོའི་ལྕགས་ལམ་འཛུགས་བསྐྲུན་གྱི་གཙོ་གནད་ཀྱི་གྲས་ཤིག་རེད།
དེ་མིན་ད་ལོ་མ་འཇོག་བྱ་རྒྱུའི་གཙོ་གནད་ནང་དར་རྒྱས་ཆེན་པོ་མེད་པའི་ས་ཁུལ་དུ་གསར་དུ་སྐྲུན་པའི་འགྲུལ་ཟོག་གཉིས་འདྲེན་གྱི་མྱུར་ཚད་སྤྱིར་བཏང་གི་ལྕགས་ལམ་ཡིན་པ་རེད། དེ་དག་ཁྲོད་གལ་ཆེ་ཤོས་ནི་སྤྱི་ལེ600ལྷག་ཙམ་ཡོད་པའི་ཤང་ཧྥུའུ་ལྕགས་ལམ་ཡིན་པ་དང་། ལྕགས་ལམ་དེ་ཅང་ཤི་དང་ཧྥུའུ་ཅན་གཉིས་བརྒྱུད་ཡོད་ཅིང་། ཝུ་ཡིས་རི་ཁུལ་རྒྱུད་དུ་སྐྲུན་ཡོད་པས། དེའི་རྒྱུད་ཀྱི་མང་ཚོགས་རྣམས་སྒོ་འགྲམ་ནས་མེ་འཁོར་ལ་སྡོད་ཐུབ་རྒྱུ་ཡིན་པ་རེད། དེ་དང་འདྲ་བའི་ལྕགས་ལམ་གྲས་སུ་ད་དུང་ཧུའུ་ནན་ཧེང་ཧྲན་ནས་ཅང་ཤིའི་ཅིན་ཀང་ཧྲན་བར་གྱི་ཧེང་ཅིའི་ལྕགས་ལམ་དང་། ཧྲའན་ཤི་ཤི་ཨན་ནས་ཀན་སུའུ་བིང་ལེང་བར་གྱི་ཤི་བིང་ལྕགས་ལམ་སོགས་ཡོད་པ་རེད། ད་ལོ་དེ་དང་འདྲ་བའི་མྱུར་ཚད་སྤྱིར་བཏང་གི་ལྕགས་ལམ་སྤྱི་ལེ3900ཙམ་བཤར་གཏོང་ཐུབ་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10