ཞིན་ཧྭ་དྲ་བ། 2013-02-26
སྤྱི་ཟླ2པའི་ཚེས24ཉིན། སྐུ་འབུམ་དགོན་པའི་གྲྭ་བཙུན་ཚོས་མེ་ཏོག་མཆོད་མཇལ་འགྲེམ་སྟོན་ལ་གྲ་སྒྲིག་བྱེད་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ2པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ཁོངས་སུ་ཆགས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་གྲགས་ཅན་སྟེ་སྐུ་འབུམ་དགོན་པས་སྲོལ་རྒྱུན་གྱི་མེ་ཏོག་མཆོད་མཇལ་འགྲེམ་སྟོན་བྱས་པ་དང་། མང་ཚོགས་དང་གནས་སྐོར་བ་མི་ཐེངས་ཁྲི་བཅུ་ལྷག་ཚུར་བཀུགས། མེ་ཏོག་མཆོད་མཇལ་ནི་སྐུ་འབུམ་དགོན་པའི་སྒྱུ་རྩལ་ཁྱད་མཚར་གསུམ་གྱི་གྲས་ཡིན་ལ། དགོན་པའི་གྲྭ་བས་མར་རྒྱུ་ཆ་བྱས་ནས་ལྷ་སྐུ་དང་མི་སྣ། རི་དྭགས། རྩི་ཤིང་སོགས་བརྗོད་དོན་དུ་བཟུང་སྟེ་བཟོས་པ་ཡིན་ལ། གསོན་ཉམས་ལྡན་པ་དང་ཚོན་མདོག་ཕུན་སུམ་ཚོགས་པ་ཡིན། ལོ་རེའི་རྒྱ་ལོ་བཅོ་ལྔའི་ཉིན་སྐུ་འབུམ་དགོན་པས་གྲྭ་བཙུན་དག་གི་ཐུན་མོང་གིས་བཟོས་པའི་མེ་ཏོག་མཆོད་མཇལ་བརྩམས་ཆོས་རྣམས་འགྲེམ་སྟོན་བྱེད་བཞིན་ཡོད།མེ་ཏོག་མཆོད་མཇལ་ནི་སྐོར་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་མཛོད་ཁྲོད་བདམས་ཡོད། །
སྤྱི་ཟླ2པའི་ཚེས24ཉིན། གྲྭ་བཙུན་སྐོར་ཞིག་གིས་ལེགས་འགྲུབ་བྱས་པའི་མེ་ཏོག་མཆོད་མཇལ་བརྩམས་ཆོས་འགྲེམ་སྟོན་བྱེད་པར་གྲ་སྒྲིག་བྱེད་བཞིན་པ།
སྤྱི་ཟླ2པའི་ཚེས24ཉིན། གྲྭ་བ་ཞིག་གིས་མེ་ཏོག་མཆོད་མཇལ་ལ་ལྟ་བཞིན་པ།
སྤྱི་ཟླ2པའི་ཚེས24ཉིན། གྲྭ་བ་གཉིས་ཀྱིས་རང་ཉིད་ཀྱིས་བཟོས་པའི་མེ་ཏོག་མཆོད་མཇལ་བརྩམས་ཆོས་ལ་ལྟ་བཞིན་པ།
སྤྱི་ཟླ2པའི་ཚེས24ཉིན། གྲྭ་བཙུན་དག་གིས་མེ་ཏོག་མཆོད་མཇལ་བརྩམས་ཆོས་འགྲེམ་སྟོན་ལ་གྲ་སྒྲིག་བྱེད་བཞིན་པ།
སྤྱི་ཟླ2པའི་ཚེས24ཉིན། མེ་ཏོག་མཆོད་མཇལ་བརྩམས་ཆོས།
འདི་ནི་སྐུ་འབུམ་དགོན་པ་ནས་འགྲེམ་སྟོན་བྱེད་བཞིན་པའི་མེ་ཏོག་མཆོད་མཇལ་རེད།
འདི་ནི་སྐུ་འབུམ་དགོན་པ་ནས་འགྲེམ་སྟོན་བྱེད་བཞིན་པའི་མེ་ཏོག་མཆོད་མཇལ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10