མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ལུས་རྩལ་མཐུན་ཚོགས་དངོས་སུ་བཙུགས་པ།

བསམ་འཕེལ་ནོར་བུས་བསྒྱུར།    མཚོ་སྔོན་ཉིན་རེའི་ཚགས་པར།    2013-01-21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཆོག་མཆན་གནང་བ་བརྒྱུད་དེ།  ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ལུས་རྩལ་མཐུན་ཚོགས་དངོས་སུ་བཙུགས་པ་རེད། དེ་ལས་མཚོ་སྔོན་ཞིང་ཆེན་མི་རིགས་ལུས་རྩལ་ལས་དོན་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོབ་ངེས་རེད།

  མཚོ་སྔོན་ཞིང་ཆེན་ནི་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་པས། གྲངས་ཉུང་མི་རིགས་ལུས་རྩལ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱི་ཡུན་རིང་འགྱུར་བ་མེད་པའི་འཐབ་ཕྱོགས་སྲིད་ཇུས་ཤིག་ཏུ་བཟུང་ཡོད། འདི་ལྟ་བའི་གནས་བབས་འོག་ཏུ། མཚོ་སྔོན་ཞིང་ཆེན་མི་རིགས་ལུས་རྩལ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང་། མི་རིགས་ལུས་རྩལ་ཐད་གྲུབ་འབྲས་ཀྱང་ཆེན་པོ་བླངས་ཡོད། མི་རིགས་ལུས་རྩལ་གྱི་བྱ་གཞག་ཡར་རྒྱས་གོང་འཕེལ་དུ་སོང་བ་དང་བསྟུན་ནས་མཚོ་སྔོན་མི་རིགས་ལུས་རྩལ་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་དེ། ཆོས་དབྱངས་སྐྱིད་སོགས་ཕུལ་བྱུང་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་པ་སྐོར་ཞིག་ཀྱང་ཆར་རྗེས་ཀྱི་ཤ་མོ་ལྟར་འཚར་ལོངས་བྱུང་ཡོད།   །

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་མངའ་རིས་དང་གཞིས་ཀ་རྩེ་ས་ཁུལ་ལ་ཁངས་ཆེན་བབས་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་རྩོམ་པ་པོ་དང་ལོ་ཙཱ་བ་བཞི་ལ་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།