ཀླུ་འབུམ་བྱམས། ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-01-21
བོད་རང་སྐྱོང་ལྗོངས་གནམ་གཤིས་བརྟག་དཔྱད་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཟླ1པའི་ཚེས19ཉིན་གྱི་དུས་ཚོད8ཀྱི་བར། མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་དུ་ཁངས་བབས་ཚད་ཧོ་སྨི་ང་གཉིས་དང་གྲངས་ཆུང་དགུ་ལ་སླེབས་པ་དང་། ཁངས་ཀྱི་མཐུག་ཚད་ལི་སྨི་ཞེ་བརྒྱད་ལ་སླེབས། རྩ་མདའ་རྫོང་གི་ཁངས་ཀྱི་མཐུག་ཚད་ཆ་སྙོམས་ཀྱིས་ལི་སྨི་བཅུ་གཉིས་ལ་སླེབས་ཏེ། རྒྱལ་ལམ་མ་ཡུལ་ལའི་ལམ་བར་དང་ཞིང་ཆེན་རིམ་པའི་གཉིས་ཐིག་བདུན་གཞུང་ལམ། རྩ་མདའ་རྫོང་ཁོངས་ཀྱི་གྲོང་གསེབ་མང་ཤོས་བཅས་ཀྱི་བགྲོད་ལམ་ཆད། གཞིས་ཀ་རྩེ་ས་ཁུལ་གྱི་གཉའ་ལམ་རྫོང་གི་ཁངས་ཀྱི་མཐུག་ཚད་ལིས་སྨི་ཉེར་གསུམ་ལ་སླེབས་པ་དང་། མངའ་རིས་ས་ཁུལ་དང་གཉིས་ཀ་རྩེ་ས་ཁུལ་ལ་ཡོངས་ཁྱབ་ཏུ་རླུང་ཆེན་གཡུག་ཟེར།
ཟླ་དང་པོའི་ཚེས་བཅུ་དགུ་ཉིན་གྱི་ཉིན་གུང་། སྤུ་ཧྲེང་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ལྷག་པ་ཚེ་རིང་གིས་ཁ་པར་གྱི་ལམ་ནས་གསར་འགོད་པར་བཤད་པ་ལྟར་ན། ཟླ་དང་པོའི་ཚེས་བཅུ་བདུན་ཉིན་ནས་བཟུང་སྟེ། སྤུ་ཧྲེང་རྫོང་དུ་ཁངས་མཚམས་མ་ཆད་པའི་དབང་གིས། གཞུང་ལམ་སྐྱེལ་འདྲེན་ལ་བར་ཆད་ཚབས་ཆེན་བཟོས་པ་དང་། སྤུ་ཧྲེང་རྫོང་མཁར་དུ་འཐུང་ཆུ་དང་གློག་ཆད་པ་དང་། གནས་སྐབས་སུ་མི་ལ་ཤི་རྨས་མ་བྱུང་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10