བོད་རང་སྐྱོང་ལྗོངས་སུ་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་བ།

    བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    2013-01-21

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་ལྗོངས་ཀྱིས་སྤྱི་ལོ2012ལོའི་ཟླ7པ་ནས་བཟུང་རྒྱལ་གཅེས་དང་མཐུན་སྒྲིལ། ཞི་མཐུན། གོང་འཕེལ། ཤེས་དཔལ་བཅས་ཀྱིས་བརྗོད་དོན་གཙོ་བོ་བྱས་པའི་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་ཚན་པ་ཁག་གིས་ལྗོངས་ཏང་ཨུད་ཀྱི་གཅིག་འགྱུར་བཀོད་སྒྲིག་ལ་གཞིགས་ཏེ། ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་དེ་གལ་ཆེའི་ཆབ་སྲིད་ལས་འགན་ཞིག་ལ་རྩིས་ཏེ། མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས། སྐུལ་སྤེལ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། བརྗོད་དོན་ཁ་གསལ་བ་དང་རྣམ་པ་ཕུན་སུམ་ཚོགས་པ། ཁྱད་ཆོས་ཀྱིས་ཕྱུག་པ་བཅས་ཀྱི་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་བཅས་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཚ་ཚ་འུར་འུར་ངང་ཞུགས་ཡོད་པས། དྲིལ་བསྒྲགས་སློབ་གསོའི་ཁྱབ་རྒྱ་ཆེ་བ་དང་སྤྱི་ཚོགས་ལས་རིགས་ཁག་གི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཏེ་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་སྒང་བདེ་གླིང་གྲོང་ཚོའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་འགྲེམ་སྟོན་ཁང་དུ། གསར་འགོད་པས་འགྲེམ་སྟོན་སྒྲོམ་སྟེགས་ཐོག་གི་འདྲ་པར་རེ་རེའི་ཐོག་ནས་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་གི་གཉའ་སྣོན་འོག བོད་རྙིང་པའི་མུན་ནག་དང་སྡུག་རྩུབ་ཀྱི་གནས་ཚུལ་དང་ཞི་བའི་བཅིངས་བཀྲོལ་བཏང་ཚུན། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཚུལ་མངོན་པ་བྱས་ཡོད་པ་རེད།

    ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་ཚན་པ་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས། མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ། དྲིལ་བསྒྲགས་སློབ་གསོའི་ལས་ཀའི་འཆར་འགོད་བཟོས་པ་དང་བྱེད་སྒོའི་ནང་དོན་དང་སྤེལ་སྟངས་ཕུན་སུམ་ཚོགས་སུ་བཏང་ཐོག དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ཡིད་དབང་འགུག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བས། སྤྱི་ཚོགས་ལས་རིགས་ཁག་གི་རྒྱ་ཁྱབ་ངང་ཞུགས་རྒྱུར་བློ་ཡིད་འགུག་ཐུབ་པ་བྱུང་ཡོད་པ་རེད།

    ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་དྲིལ་བསྒྲགས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་ཝུའུ་གཡག་སྲུང་གིས་ངོ་སྤྲོད་གནང་སྐབས། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བར་གྲོང་ཁྱེར་དེ་ཡོངས་ཀྱི་མང་ཚོགས་མི་ཐེངས་ཁྲི་ཚོ21ཙམ་ལ་སློབ་གསོ་ཐེབས་པ་དང་། ཆབ་མདོ་ས་ཁུལ་གྱིས་ལྟེ་བའི་རིན་ཐང་ལྟ་བའི་ནང་དོན་དེ། གཞོན་ནུ་ལོ་ཆུང་སློབ་མའི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ནང་བཅུག་པ་དང་། ས་ཁུལ་དེ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང75སློབ་མ5000ལྷག་ཙམ་བྱེད་སྒོ་དེའི་ནང་ཞུགས་ཡོད་པ། ནག་ཆུ་ས་ཁུལ་གྱིས་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་དེ། ཤེས་དཔལ་ལས་རིགས་དང་ཤང་གྲོང་རྡལ། ཐེམ་དུད་བཅས་འདེམས་པའི་བྱེད་སྒོའི་ནང་བཅུག་པས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ལྟེ་བའི་རིན་ཐང་ལྟ་བ་སློབ་སྦྱོང་ནན་ཏན་དང་། རང་རྟོགས་ངང་ལག་ལེན་བྱེད་པའི་ཧུར་སེམས་སྐོང་འཐེན་ཡག་པོ་ཐུབ་ཡོད་པ་བཅས་རེད་ཅེས་གསུངས་པ་རེད།

    རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ལྟེ་བའི་རིན་ཐང་ལྟ་བར་གོ་བ་གཏིང་ཟབ་ལེན་ཆེད། རང་སྐྱོང་ལྗོངས་དང་ས་ཁུལ་ཁག་གི་སྒྲོག་འགྲེལ་ཚོགས་པས་མི་སྣ་སྒྲིག་འཛུགས་བྱས་ཏེ། སྣེ་མང་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་། ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོའི་ཁྱབ་རྒྱ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོའི་བྱེད་སྒོ་སྤེལ་ཚུན། རིམ་ཁག་དྲིལ་བསྒྲགས་རིག་གནས་ཚན་པས་དྲིལ་བསྒྲགས་བྱ་ཐབས་སྣ་ཚོགས་སྤྱད་དེ། དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཐོག་སྤྱི་ཚོགས་ཡོངས་ཀྱི་མི་སྣས་ལྟེ་བའི་རིན་ཐང་ལྟ་བའི་སྒྲོག་འགྲེལ་སློབ་གསོར་སེམས་ཁུར་བྱེད་པ་དང་། དེའི་ནང་ཞུགས་པའི་ཁོར་ཡུག་གཏོད་ཐུབ་པ་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སླད་ཕྱིན་རང་ལྗོངས་ཀྱིས་ལྟེ་བའི་རིན་ཐང་ལྟ་བ་དེ་བསམ་བློའི་སློབ་གསོའི་ནང་དོན་ལ་རྩིས་ཏེ། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཏེ། ལས་ཁུངས་དང་སློབ་གྲྭ། ཁེ་ལས། ཞིང་འབྲོག་ཁུལ། སྡེ་ཁུལ། དམག་སྒར། དགོན་སྡེ་བཅས་སུ་ལྟེ་བའི་རིན་ཐང་ལྟ་བའི་སྒྲོག་འགྲེལ་སློབ་གསོ་གཏིང་ཟབ་སྤེལ་ནས། རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཆེད་སྲ་བརྟན་གྱི་བསམ་བློའི་འགན་སྲུང་དང་སྟོབས་ཆེའི་བསམ་པའི་འགུལ་ཤུགས། ནུས་ལྡན་གླེང་ཕྱོགས་ཀྱི་རྒྱབ་སྐྱོར། རིག་གནས་ཆ་རྐྱེན་བཟང་པོ་བཅས་མཁོ་འདོན་བྱེད་རྒྱུ་རེད།   །

་གཞས་ནི་བརྩེ་བའི་དར་ཐག་འཐེན་བྱེད་ཀྱི་ཟམ་ཆུང་ཡིན་ལ་དུང་བའི་སེམས་འགྱུ་གླེང་སའི་གར་སྟེགས་ཡིན། དེ་ནི་ན་གཞོན་ཕོ་མོའི་བརྩེ་སེམས་ཀྱི་མངར་ཁ་ཡིན་ལ། དབུ་དཀར་རྒན་པོའི་གཞོན་དུས་ཀྱི་ཕྱིར་དྲན་ཡིན། ལ་གཞས་ནི་མི་རིགས་འདིའི་ཐུན་མོང་གི་སེམས་པ་མཚོན་པའི་སྙན་ངག་ཡིན་ལ་ལོ་ངོ་སྟོང་ལ་བསྲུབས་པའི་མར་ལོའང་ཡིན། ལོ་འདི་འགའི་རིང་ལ། བོད་ཀྱི་ལ་གཞས་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཀྱི་གྲས་སུ་བགྲངས་ཤིང་། མཐོང་ཆེན་དང་གཙིགས་འཛིན་བྱེད་མཁན་གྱི་མི་བུ་གང་མང་ཞིག་ཡོད་ནའང་། དཔལ་འབྱོར་གྱི་འགྲན་རྩོད་ཆེས་ཆེར་དར་བའི་དེང་གི་དུས་འདིར། མི་རིགས་ཀྱི་མར་དྲི་དང་རྩམ་དྲི་མ་ཡལ་བའི་རིག་གནས་འདི་ཉིད་རྒྱུད་འཛིན་བྱེད་མཁན་དང་ལེན་མཁན་གྱི་གླུ་བ་གླུ་མ་རིམ་གྱིས་ཇེ་ཉུང་དུ་འགྲོ་བཞིན་པའི་མི་ཚད། ཐ་ན་གྲོང་བརྡལ་དང་གྲོང་ཁྱེར་དུ་འཚོ་བ་རོལ་བཞིན་པའི་བོད་རིགས་ན་གཞོན་མང་པོར་མཚོན་ན་ཧ་ཅང་ཆ་རྒྱུས་མེད་པའི་ཚད་དུ་སླེབས་འདུག དེ་བས་མི་རིགས་ཀྱི་དམངས་ཁྲོད་རིག་གནས་རྒྱུད་འཛིན་བྱེད་པ་དང་། གཟུགས་འདས་རིག་གནས་དར་སྤེལ་བྱེད་པ། ལ་གཞས་ལ་ཉན་སྤྲོ་བའི་ཉན་མཁན་གང་མང་ཞིག་གི་རེ་བ་སྐོང་ཆེད། ངེད་མཚོ་སྔོན་རྒྱང་སྒྲོང་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་ད་ལོའི་ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་ནས་བཟུང་ཡང་བསྐྱར་མཚོ་ལྷོ་དང་མཚོ་བྱང་། མཚོ་ནུབ། རྨ་ལྷོ་སོགས་ཀྱི་དམངས་ཁྲོད་གླུ་བ་གླུ་མ་ཉེར་བརྒྱད་བསྡུས་ཏེ། ཉིན་ལྔ་ཡི་རིང་དུ་ཟི་ལིང་གཟུགས་ཀྱི་ཉི་མ་ཇ་ཁང་དང་། ཟི་ལིང་ཨ་རི་ལྷ་མོའི་གསོལ་ཁང་གཉིས་ནས་ལ་གཞས་འཁྲབ་ལེན་དང་སྒྲ་ཕབ་བྱས་ཏེ་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་མཇུག་བསྡུས། ཐེངས་འདིར་སྒྲ་ཕབ་ཟིན་པའི་ལ་གཞས་མི་འགྱངས་བར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རྒྱང་སྒྲོང་གི་སྡེ་ཆེན་རྩེད་རའི་ལེན་ཚན་ལས་གཏོང་རྒྱུ་ཡིན་པས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དུང་བ་ཟབ་ཅིང་སྡེ་ཆེན་རྩེད་རར་ཉན་སྤྲོ་བའི་གསན་མཁན་རྣམས་ཀྱི་ཐུགས་འདུན་དང་འཚམས་པའི་སྨོན་འདུན་ཞུ།
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་སྤྱི་བདེ་ཐིན་ཀྲང་དང་ཅུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་ནས་ཚོགས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་མངའ་རིས་དང་གཞིས་ཀ་རྩེ་ས་ཁུལ་ལ་ཁངས་ཆེན་བབས་པ།
  • དོ་སྣང་ཆེ་བའི་རྩོམ།