བོད་ཀྱི་རྩོམ་པ་པོ་དང་ལོ་ཙཱ་བ་བཞི་ལ་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ་པ།

        2013-01-21

༢༠༡༣ལོའི་ཟླ་༡པོའི་ཚེས་༡༦ཉིན་༢༠༡༢ལོའི<<མི་རིགས་ཀྱི་རྩོམ་རིག>>བྱ་དགའ་སྟེར་བའི་མཛད་སྒོ་པེ་ཅིན་དུ་བསྡུས་པ་དང་། <<མི་རིགས་ཀྱི་རྩོམ་རིག>>གི་རྒྱ་ཡིག་དང་བོད་ཡིག སོག་ཡིག དེ་མིན་ཡུ་གུར་སྐད་སོགས་པར་གཞི༦གི་བརྩམས་ཆོས༢༥ལ་བྱ་དགའ་བསྩལ། རེབ་འདིའི་བྱ་དགའ་ནི་མིང་གྲགས་ཅན་གྱི་དཔྱད་འཇོག་པ་དང་རྩོམ་སྒྲིག་པ། ཡིག་སྒྱུར་ཆེད་མཁས་སོགས་བསྡོམས་པས་མི༢༤གདན་འདྲེན་ཞུས་ཏེ་དཔྱད་འདེམ་པའི་འགན་ཁུར་བ་དང་། དེ་ཡང་ཐོག་མའི་དཔྱད་འདེམ་དང་མཐའ་མའི་དཔྱད་འདེམ། དེ་མིན་ཡིག་ཤོག་འཕེན་པ་བཅས་ཀྱི་རྣམ་པར་བརྒྱུདདེའི་ཁྲོད་བོད་རིགས་རྩོམ་པ་པོ་ཉི་མ་ཕན་ཐོགས་ཀྱི་བརྩམས་སྒྲུང<<གཞིས་སྒར་སྡེ་བའི་གཡང་འཛོམས>>(རྒྱ་ཡིག)ཞེས་པ་དང་། རྡོ་རྗེ་ཚེ་བརྟན་ནམ་རེ་རྐང་གླིང་གིས་བསྒྱུར་བའི་བརྩམས་སྒྲུང<<འཛམ་གླིང་ན་ཆེས་མཛེས་པའི་བེམ་པོ་ཞིག>>(རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར)། སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར་བའི་ལྷུག་རྩོམ<<ས་འོག་གི་རྨི་ལམ>>(རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར)། ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང<<ལམ་གྱི་ཉི་འོད>>(བོད་ཡིག)བཅས་ཚུད་ཡོད་པ་རེད། <<མི་རིགས་ཀྱི་རྩོམ་རིག>>ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན་ལ་བོད་ཡིག་གི་<<མི་རིགས་ཀྱི་རྩོམ་རིག>>ནི་ལོ་རེར་འདོན་ཐེངས་དྲུག་ཡོད་པ་དང་། མིག་སྔའི་བར་བོད་ཡིག་གི་རྒྱལ་ཁབ་རིམ་པའི་རྩོམ་རིག་གི་དུས་དེབ་གཅིག་བུ་ཡིན་པ་རེད། 
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ལུས་རྩལ་མཐུན་ཚོགས་དངོས་སུ་བཙུགས་པ།
  • ལེ་ཚན་རྗེས་མ།:གླུ་བ་བསམ་ཁོས༼བརྩེ་བའི་འགྱུར་ཁུག༽ཅེས་པའི་ཆེད་བསྒྲིགས་འགྲེམ་ལ་ཉེ།
  • དོ་སྣང་ཆེ་བའི་རྩོམ།