ཟླ1པོའི་ཚེས8ཉིན་ནས9ཉིན་བར་དུ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོ་དགེ་རྫོང་གི་གཏན་སྡོད་ལས་སྒྲུབ་ཁང་དང་རྫོང་འཆར་འགོད་འཛུགས་སྐྲུན་ཅུའུ་ཡིས་སྣེ་ཁྲིད་རྩ་འཛུགས་བྱས་ཏེ། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཅུའུ། རྫོང་ཉོ་སྒྲུབ་ཁང་། རྫོང་ནོར་སྲིད་ཅུའུ་ལ་སོགས་པའི་སྡེ་ཁག་ཁག་རྫོང་འདིའི་ཤང་དང་གྲོང་བརྡལ་དྲུག་ལ་སོང་ནས་ཉི་ནུས་ལམ་སྒྲོན་དང་ཆུ་ཚ་བཟོ་ཆས། ཆུ་འབབ་མཆུ་ཏོ། ཉི་འོད་མ་བཤའ་བཅས་ཀྱི་ལས་གཞི་བཞིར་ཞིབ་བཤེར་རྩིས་ལེན་བྱས་ཤིང་། ཞིབ་བཤེར་རྩིས་ལེན་ཚན་ཆུང་དེས་ས་དེ་ནས་ཚད་ལེན་ཞིབ་བསྡུར་དང་ནང་ཁུལ་ལས་གཉེར་དཔྱད་ཁུངས་ཡིག་ཚགས་ལྟ་ཀློག དེ་མིན་མང་ཚོགས་ཁ་ཤས་ལ་འཚམས་འདྲི་ཁ་བརྡ་བཅས་བྱས་པས། རིམ་གྱིས་ལས་གཞི་བཞིར་གཟབ་ནན་སྒོས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་ལས་གཞིའི་འཛུགས་སྐྲུན་བཞི་བོར་ཚད་དང་མྭཐུན་པར་ཁས་ལེན་ཐོབ།