2012ལོར་མགོ་ལོག་ས་ཁུལ་གྱི་འབྲོག་དམངས་ཀྱིས་ལྟ་ཡོན་མི་དགོས་པའི་གློག་བརྙན་སྟོན་ཐེངས་སྟོང་གཉིས་ལྷག་ལ་བལྟས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-01-16

2012ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་ཁག་གི་གློག་བརྙན་སྟོན་པའི་ལས་ཁུངས་སློབ་གྲྭ་དང་གཞིས་ཁུལ། དམག་སྒར། དགོན་པ། གྲོང་གསེབ་བཅས་ལ་སོང་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་འབྲེལ་བའི་ཕུལ་བྱུང་གློག་བརྙན་སྟོན་པའི་བྱ་འགུལ་སྤེལ་བ་དང་། བསྡོམས་པས་ལྟ་ཡོན་མི་དགོས་པའི་གློག་བརྙན་སྟོན་ཐེངས་སྟོང་གཉིས་ལྷག་བསྟན་ནས། རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་མཁོ་དགོས་ཕུན་སུམ་ཚོགས་པར་བཏང་།

“ཞིང་སྡེའི་གློག་བརྙན་སྟོན་པའི་བཟོ་བསྐྲུན”ནི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་གློག་བརྙན་ལ་ལྟ་དཀའ་བའི་གནད་དོན་ཐག་གཅོད་ཆེད། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་གློག་བརྙན་སྟོན་བྱེད་སྒྲིག་ཆས་ཉོས་པ་དང་། མི་སྣ་རྩ་འཛུགས་ཀྱིས་རོང་འབྲོག་ཁུལ་ལ་སོང་ནས་རོང་འབྲོག་མང་ཚོགས་ལ་གློག་བརྙན་སྟོན་པའི་བཟོ་སྐྲུན་ཞིག་ཡིན་ལ། རང་ཞིང་གི་མགོ་ལོག་འབྲོག་ཁུལ་ནི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ། སྡོད་གནས་ཐར་ཐོར་ཡིན་པ་དང་། འགྲིམ་འགྲུལ་སྟབས་བདེ་མིན་པ་བཅས་རེད། མཐོ་འཁྱགས་འབྲོག་ཁུལ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་ཆེད། མགོ་ལོག་ཁུལ་གྱིས་རོང་འབྲོག་ཁུལ་དུ་གློག་བརྙན་སྟོན་པའི་དམངས་ཕན་བཟོ་སྐྲུན་ཧུར་ཐག་གིས་ལག་བསྟར་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དྲིལ་སྒྲོག་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན། འཆར་ལྡན་བུ་སྐྱེ་དང་འཕྲོད་སྟེན་བདེ་གསོ། དྲོད་ཁང་དུ་སྔོ་ཚོད་འདེབས་པ། ནོར་ལུག་གསོ་བ་སོགས་ལ་རག་ལས་པའི་འབྲོག་པ་མང་ཚོགས་ཀྱིས་ལྟ་འདོད་པའི་གློག་སྐོར་ཞིག་རིན་མི་ལེན་པར་བསྟན་པས། ཕན་འབྲས་ལེགས་པོ་ཐོབ།  །

  • ལེ་ཚན་སྔོན་མ།:ལིག་ཡུང་ཧྲན་གྱིས་ཧྲའན་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:མཛོ་དགེ་རྫོང་གི་འབྲོག་པའི་གཏན་སྡོད་ལས་གཞི་ལ་ཞིབ་བཤེར་རྩིས་ལེན་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།