ལིག་ཡུང་ཧྲན་གྱིས་ཧྲའན་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-01-16

ལིག་ཡུང་ཧྲན་གྱིས་ཧྲའན་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
ཟླ1པོའི་ཚེས11ནས14ཡི་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་གྱིས་ཧྲའན་ཞི་ཞིང་ཆེན་གྱི་ཡན་ཨན་དང་ཡུས་ལིན་ས་ཁུལ་གཉིས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དང་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་གནས་ཚུལ་ལ་རྟོག་ཞིབ་མཛད། འདི་ནི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། ལིག་ཡུང་ཧྲན་གྱིས་ཡན་ཨན་རྫོང་ཡུས་ཅུའུ་གྲོང་བརྡལ་གྱི་ཞིང་སྡེ་རུ་རྟོག་ཞིབ་མཛད་སྐབས་མང་ཚོགས་དང་བརྩེ་བའི་ངང་གླེང་མོལ་བྱེད་པའི་ཚུལ་རེད། 
   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས11ཉིན་ནས14ཡི་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཨུའི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་གྱིས་ཧྲའན་ཞིང་ཆེན་གྱི་ཡན་ཨན་དང་ཡུས་ལིན་ས་ཁུལ་གཉིས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དང་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་སྤྱོད་གཙང་ནང་དོན་གཙོ་ཡིན་པའི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་རྒྱུ་ནི། ཏང་གི་སྔོན་ཐོན་རང་བཞིན་དང་རྣམ་དག་རང་བཞིན་སྲུང་འཛིན་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་འགངས་ཆེན་ཞིག་ཡིན་པས། ངེས་པར་རྟོག་ཞིབ་ཟབ་མོ་དང་། ཕྱོགས་སོ་སོའི་བསམ་འཆར་ལ་ཉན་པ། གཞི་རིམ་བསམ་པ་དང་། གཞི་རིམ་ལ་བཀའ་སློབ་ཞུ་བ། མང་ཚོགས་ཀྱི་བདེ་སྡུག་རྒྱུས་ལོན་བྱས་ཏེ། སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བར་བཀོད་སྒྲིག་དང་ཇུས་འགོད་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།

  ཡན་ཨན་ས་ཁུལ་དུ། ལིག་ཡུང་ཧྲན་ཐོག་མར་ཡན་ཨན་གསར་བརྗེའི་རྗེས་དྲན་ཁང་དང་མི་དམངས་ལ་ཞབས་འདེགས་ཞུ་དགོས་ཞེས་གསུང་བཤད་གནང་སའི་ཐང་ཆེན། ཏང་གི་ཚོགས་ཐེངས་བདུན་པའི་ཚོགས་ཤུལ། ནན་ཉིས་ཝན་ཐོན་སྐྱེད་ཆེན་པོའི་ལས་འགུལ་འགྲེམ་སྟོན་ཁང་བཅས་ལ་ཕེབས་ཏེ། ལས་བྱེད་མི་སྣའི་འགྲེལ་བཤད་ལ་ཞིབ་ཏུ་ཉན་པ་དང་། ཏང་གི་ལོ་རྒྱུས་ཆེད་མཁས་པ་དང་བརྗེ་རེས་བྱས་ཏེ། ཏང་ལོ་རྒྱུས་དང་གསར་བརྗེའི་སྲོལ་རྒྱུན་ཕྱིར་དྲན་བྱས། ཡན་ཨན་སྙིང་སྟོབས་ནི་རང་རེའི་ཏང་གི་རྒྱུ་ནོར་རྩ་ཆེན་ཡིན་ལ། ལོ་རྒྱུས་ཆ་རྐྱེན་གསར་བ་དང་ཟུང་དུ་སྦྲེལ་ཏེ། ཏང་གི་སྲོལ་བཟང་དང་སྤྱོད་ཚུལ་བཟང་བོ་རྒྱུན་འཛིན་དང་དར་སྤེལ་ལེགས་པོ་བྱེད་རྒྱུ་དེ། སྲིད་སྐྱོང་བ་དམངས་ཀྱི་དོན་ཡིན་པ་དང་། མང་ཚོགས་ལ་ཕན་བདེ་བསྐྲུན་པའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས་ཞེས་གསུངས།

  ལིག་ཡུང་ཧྲན་ཞིང་སྡེ་དང་ཁེ་ལས། སྡོད་ཁུལ་བཅས་ལ་ཕེབས་ཏེ། གཞི་རིམ་གྱི་ཏང་ཡོན་མང་ཚོགས་འཚམས་འདྲི་དང་། གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བར་རྟོག་ཞིབ། མཁར་གྲོང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ལིག་ཡུང་ཧྲན་གྱིས་ཧྲའན་ཞི་ཞིང་དང་ཡན་ཨན་གྲོང་ཁྱེར། ཡུས་ལིན་གྲོང་ཁྱེར་བཅས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་བར་གདེངས་འཇོག་ཆེན་པོ་དང་། ཉེ་བའི་ལོ་འགར་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས། ཏང་གི་འཛུགས་སྐྲུན་བཅས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ཁས་ལེན་གང་ལེགས་མཛད། ཁོང་གིས་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ཡར་སྐུལ་བཏང་ནས། མང་ཚོགས་ལ་ཁེ་བཟང་ཐོབ་ཏུ་འཇུག་པ་དང་། མང་ཚོགས་ཡིད་ཚིམ་པར་བྱེད་རྒྱུ་དེ་ཡིན་ཞེས་གསུངས།

  རྟོག་ཞིབ་མཛད་པའི་སྐབས་སུ། ལིག་ཡུང་ཧྲན་གྱིས་ཡན་ཨན་དང་ཨན་སེ། ཅིན་པེན་ས་ཁུལ་བཅས་ནས་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། གྲོང་ཁྱེར་དང་རྫོང་། གྲོང་བརྡལ། སྡེ་བ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བར་བརྗེ་རེས་བྱས་པ་དང་། སློབ་གསོའི་ལག་ལེན་བྱ་འགུལ་གྱི་ནང་དོན་དང་གནད་ས། སྒྲུབ་སྟངས། གོ་རིམ་སོགས་ཕྱོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན།  །


 

  • ལེ་ཚན་སྔོན་མ།:བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་བསྒྱུར་བཟོ་རིམ་སྤོར་བྱས་པའི་ལྷ་མོའི་འཁྲབ་གཞུང་པད་མ་འོད་འབར་མི་རིང་བ
  • ལེ་ཚན་རྗེས་མ།:2012ལོར་མགོ་ལོག་ས་ཁུལ་གྱི་འབྲོག་དམངས་ཀྱིས་ལྟ་ཡོན་མི་དགོས་པའི་གློག་བརྙན་སྟོན་ཐེངས་སྟོང་གཉིས་ལྷག་ལ་བལྟ
  • དོ་སྣང་ཆེ་བའི་རྩོམ།