གནམ་གཤིས་ཆེད་མཁས་པས་སྨུག་པ་འཐིབས་པའི་གནམ་གཤིས་བསྟན་དོན་དང་དེའི་འཕེལ་ཕྱོགས་ལ་འགྲེལ་བཤད་བྱས་པ།

        2013-01-15

སྤྱི་ཚེས11ཉིན་ནས་བཟུང་། པེ་ཅིང་དང་ཐན་ཅིན། ཧོ་པེ། ཧོ་ནན། ཅང་སུའུ་སོགས་ས་ཆར་སྨུག་པ་འཐིབས་ནས། མཐོང་ཐུབ་པའི་རྒྱང་ཚད་ཐུང་བ་དང་། སྦགས་བཙོག་ཚད་གཞི་མཐོ་པོར་སླེབས་ཡོད་པ་རེད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ནས་སྤྱི་ཚེས13ཉིན་མུ་མཐུད་སྨུག་པ་མཐུག་པོ་འཐིབས་རྒྱུའི་རིམ་པ་གཉིས་པའི་སྔོན་བརྡ་བཏང་ཡོད་པ་དང་། སྤྱི་ཚེས13ཉིན་གོང་གསལ་ས་ཁུལ་ཁག་ཏུ་མཐོང་ཐུབ་པའི་རྒྱང་ཚད་སྤྱི་ཁྲེ1000ཟིན་མེད་པ་དང་། ས་ཁུལ་ཁག་ཅིག་ཏུ་སྤྱི་ཁྲེ200ལས་ཟིན་མེད་པ་རེད།

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱི་དབུ་བཞུགས་སྔོན་བརྡ་གཏོང་མཁན་མ་ཞོལ་ཁོན་གྱིས། རླུང་ཁམས་ཆེན་པོའི་ནང་གཡེང་བའི་ཆུ་རླངས་གོང་བུར་སྒྲིལ་བ་དང་། མཐོང་ཐུབ་པའི་རྒྱང་ཚད་སྤྱི་ཁྲེ་ཆིག་སྟོང་ལས་དམའ་བ་ཡོད་སྐབས་གནམ་གཤིས་རིགས་པའི་ནང་དེར་སྨུག་པ་འཐིབས་པ་ཞེས་བརྗོད་ཀྱི་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཏང་གི་སྒྲིག་ཡིག་སློབ་སྦྱོང་ལག་བསྟར་དང་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་གཏོང་བའི་སློབ་གསོའི་བྱེད་སྒོ་སྤེལ་ད
  • ལེ་ཚན་རྗེས་མ།:ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཅང་སུའུ་དང་ཀྲེ་ཅང་དུ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲིག་སྦྱངས་གནང་
  • དོ་སྣང་ཆེ་བའི་རྩོམ།