ཏང་གི་སྒྲིག་ཡིག་སློབ་སྦྱོང་ལག་བསྟར་དང་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་གཏོང་བའི་སློབ་གསོའི་བྱེད་སྒོ་སྤེལ་དགོས་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-01-15

སྤྱི་ཁྱབ་ཆབ་སྲིད་པུའུ་དང་། དམག་ཨུད་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ཉིན་ཤས་གོང་ཐོན་ཤོག་ཡན་གྱི་ཏང་ཨུད་ལས་ཁུངས་སུ་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་། ཕུལ་བྱུང་གི་སྤྱོད་ཚུལ་དར་སྤེལ་གཏོང་རྒྱུའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་དང་། སྤྱི་ཁྱབ་པུའུ་ལས་ཁུངས་ནས་ཏང་གི་སྒྲིག་ཡིག་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་། ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་གཏོང་རྒྱུའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི་ཞེས་པ་གཉིས་གཤམ་སྤེལ་བྱས་ནས། རིམ་ཁག་ཏང་ཨུད་ལས་ཁུངས་ཀྱིས་ཚད་གཞི་མཐོ་པོའི་སྒོ་ནས་སློབ་གསོའི་བྱེད་སྒོ་འདིར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། བསམ་འཆར་ཞེས་པའི་ནང་། ད་ཐེངས་ཀྱི་སློབ་གསོའི་བྱེད་སྒོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། ཀྲུང་དབྱང་དང་དམག་ཨུད་ཀྱིས་སྤྱོད་ཚུལ་ལེགས་བཅོས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་བླང་བྱ་དོན་འཁྱོལ་བྱ་རྒྱུ། ཏང་གི་བཀོད་འདོམས་ལ་ཉན་པ་དང་རྒྱལ་ཁའི་དམག་འཁྲུག་རྒྱག་ཐུབ་པ། སྤྱོད་ཚུལ་ཕུལ་དུ་བྱུང་བ་བཅས་ཀྱི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱ་རྒྱུར་གཞིགས་པ། ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐོ་རུ་གཏོང་རྒྱུར་ཤུགས་སྣོན། སྤྱོད་ཚུལ་ལེགས་བཅོས་ཀྱི་སྙིང་སྟོབས་དོན་འཁྱོལ། གཟབ་ནན་བཞི་རྒྱུན་འཁྱོངས་བྱ་རྒྱུ། ཏང་ཨུད་མཉམ་སྡེབ་དང་འགོ་ཁྲིད་ལས་བྱེད་པས་གཙོ་གནད་བྱས་ཏེ། ཏང་གཤིས་མཐོ་རུ་གཏོང་རྒྱུ་དང་། དཔོན་དམག་གིས་ལན་ཆ་དྲག་པོ་བྱས་པའི་མངོན་གསལ་དོད་པའི་གནད་དོན་ཐད་སློབ་གསོ་དང་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་བྱ་རྒྱུ་བཅས་ཚུད་ཡོད་པ་རེད། སློབ་གསོའི་བྱེད་སྒོ་བརྒྱུད། ཏང་ཨུད་ལས་ཁུངས་ཀྱིས་ཏང་གི་བཀོད་འདོམས་ལ་ཉན་ནས་རང་འགུལ་དེ་བས་ཆེ་བ་དང་། གཟབ་ནན་ངང་ཏང་སྐྱོང་བ། གཟབ་ནན་ངང་དམག་སྐྱོང་བ་བཅས་ཀྱི་བྱེད་ཕྱོགས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། ཚུལ་མིན་སྤྱོད་ཚུལ་ལ་བཀག་སྡོམ་ནུས་ལྡན་ཡོང་བ། དམག་རྒྱག་ཐུབ་པ་དང་། རྒྱལ་ཁ་ལེན་ཐུབ་པ་བྱེད་པའི་འཐབ་རྩོད་ནུས་པའི་ཚད་གཞི་བརྟན་པོ་བཟོས་པ་བཅས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རྒྱལ་སྲུང་དང་དམག་དོན་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་སུ་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།  །
 
  • ལེ་ཚན་སྔོན་མ།:སྤོམ་རྩེ་རག་གི་སྐོར་བྲོ《འཇིག་རྟེན་ཀུན་ཏུ་སྙན་པའི་དུང་གི་སྒྲ་དབྱངས》འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:གནམ་གཤིས་ཆེད་མཁས་པས་སྨུག་པ་འཐིབས་པའི་གནམ་གཤིས་བསྟན་དོན་དང་དེའི་འཕེལ་ཕྱོགས་ལ་འགྲེལ་བཤད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།