སྤོམ་རྩེ་རག་གི་སྐོར་བྲོ《འཇིག་རྟེན་ཀུན་ཏུ་སྙན་པའི་དུང་གི་སྒྲ་དབྱངས》འགྲེམ་སྤེལ་བྱས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-01-14

སྤོམ་རྩེ་རག་གི་སྐོར་བྲོ《འཇིག་རྟེན་ཀུན་ཏུ་སྙན་པའི་དུང་གི་སྒྲ་དབྱངས》འགྲེམ་སྤེལ་བྱས་པ།
སྤོམ་རྩེ་རག་གི་སྐོར་བྲོ《འཇིག་རྟེན་ཀུན་ཏུ་སྙན་པའི་དུང་གི་སྒྲ་དབྱངས》འགྲེམ་སྤེལ་བྱས་པ།

        ཉེ་ལམ། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2012ལོའི་མཐར་ཕྱིན་སློབ་མ་སྟེ་སྤོམ་རྩེ་རག་གི་བཀྲ་ཤིས་བདེ་ལེགས་ཀྱིས་འཚོལ་སྡུད་དང་ལེགས་སྒྲིག  རྩོམ་སྒྲིག་བཅས་བྱས་པའི་སྤོམ་རྩེ་རག་གི་སྐོར་བྲོ《འཇིག་རྟེན་ཀུན་ཏུ་སྙན་པའི་དུང་གི་སྒྲ་དབྱངས》ཞེས་པ་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་ལ།  དཔེ་ཆ་འདིར་བསྡོམས་པས་ཡིག་འབྲུ་ཁྲི24དང་སྲོལ་རྒྱུན་སྐོར་བྲོའི་གཞས་ཚིག132ལྷག་བསྡུས་ཡོད་པ་རེད།
        བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་སྤོམ་རྩེ་རག་ནི་གནའ་ནས་བཟུང་སྐོར་བྲོའི་ཕ་ས་རུ་གྲགས་ཤིང་། 2006ལོའི་ཟླ5བར་སྤོམ་རྩེ་རག་གི་སྐོར་བྲོ་ཉིད་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ཏུ་བདམས།

  • ལེ་ཚན་སྔོན་མ།:པེ་ཅིན་ནས་ཀོང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཡོངས་སུ་སྤྱོད་འགོ་བཙུགས།
  • ལེ་ཚན་རྗེས་མ།:ཏང་གི་སྒྲིག་ཡིག་སློབ་སྦྱོང་ལག་བསྟར་དང་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་གཏོང་བའི་སློབ་གསོའི་བྱེད་སྒོ་སྤེལ་ད
  • དོ་སྣང་ཆེ་བའི་རྩོམ།