པེ་ཅིན་ནས་ཀོང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཡོངས་སུ་སྤྱོད་འགོ་བཙུགས།

        2013-01-14

2012ལོའི་ཟླ་བ12པའི་ཚེས26ཉིན།  པེ་ཅིན་ནས་ཀོང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ཡོད།  མྱུར་བགྲོད་ལྕགས་ལམ་དེ་བྱང་རྒྱུད་ཀྱི་པེ་ཅིན་ནས་འགོ་བཙུགས་ཏེ་ལྷོ་རྒྱུད་ཀྱི་ཀོང་ཀྲོའུ་བར་ཡིན་ཞིང་།  རྒྱལ་ཡོངས་ཀྱི་གྲོང་ཁྱེར28བརྒྱུད་པའི་མྱུར་བགྲོད་ལྕགས་ལམ་འདིའི་རིང་ཚད་སྤྱི་ལེ2298ཡོད་པར་བརྟེན།མིག་སྔར་འཛམ་གླིང་ཐོག་ཆེས་རིང་བའི་མྱུར་བགྲོད་ལྕགས་ལམ་ཡིན་པ་རེད།  མྱུར་བགྲོད་ལྕགས་ལམ་དེའི་ཐོག་མེ་འཁོར་ཆུ་ཚོད་རེར་སྤྱི་ལེ350རྒྱུག་ཐུབ།  ཐོག་མའི་དུས་སུ་མེ་འཁོར་རྒྱུག་པའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ300ཡིན་པ་རེད། དེ་ཕྱིར་པེ་ཅིན་ནས་ཀོང་ཀྲོའུ་བར་ཆེས་མགྱོ གས་པའི་དུས་ཚོད་ཆུ་ཚོད8ཡས་མས་ལས་མི་དགོས་པ་རེད།
 
  • ལེ་ཚན་སྔོན་མ།:ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་བོད་ཀྱི་ཟློས་གར་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
  • ལེ་ཚན་རྗེས་མ།:སྤོམ་རྩེ་རག་གི་སྐོར་བྲོ《འཇིག་རྟེན་ཀུན་ཏུ་སྙན་པའི་དུང་གི་སྒྲ་དབྱངས》འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།