ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-01-14
ཟློས་གར་འཁྲབ་སྟོན་བྱེད་པའི་ཚུལ།
དེ་སྔོན། ལྷོ་ནུབ་མི་རིགས་སློབ་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་དང་། སློབ་མའི་བྱ་སྒྲུབ་ཁང་། སློབ་གྲྭའི་གུང་གཞོན་ཨུ་ཡོན་ལྷན་ཚོགས། བོད་རིག་པའི་སློབ་གླིང་བཅས་མཉམ་འབྲེལ་སྒོས་སྤེལ་བའི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མཐུན་སྒྲིལ་མཉམ་བསྐྱོད་ཅེས་པའི་བོད་ཀྱི་ཟློས་གར་རིག་གནས་དུས་སྟོན་མཇུག་སྒྲིལ་བའི་མཛད་སྒོ་དང་བོད་ཀྱི་ཟློས་གར་རྟིང་རྩོད་འགྲན་བསྡུར་དེ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིན་ཤིན་ཟློས་གར་ཁང་དུ་སྤེལ་བ་རེད།
བོད་ཀྱི་སྲོལ་རྒྱུན་ཟློས་གར་གདོང་འབོག་འཁྲབ་སྟོན་སོགས་ལས་བྱ་འགུལ་གྱི་མགོ་བརྩམས་ཤིང་། རྟིང་རྩོད་འགྲན་བསྡུར་དུ་ཞུགས་པའི་འགྲན་ཁག་བདུན་གྱིས《རྒྱ་བཟའ་ཀོང་ཇོ》དང་། 《སྣང་ས་འོད་འབུམ》། 《དྲི་མེད་ཀུན་ལྡན》། 《རྟ་རྒྱུག་རྒྱལ་འཇོག》 《ཐུ་མི་སམ་བྷོ་ཊ》། 《ཧོར་གླིང་གཡུལ་འགྱེད》སོགས་ཟློས་གར་འཁྲབ་སྟོན་གནང་ལ། སློབ་གྲོགས་རྣམས་རང་གི་རིག་གནས་ལ་དུངས་ཞེན་ཆེ་ཞིང་བརྩེ་བ་ཟབ་པར་བརྟེན། བག་བྲོ་བའི་ཟློས་གར་འཁྲབ་སྟོན་བྱས་ཏེ་ཡུལ་དངོས་ཀྱི་དགའ་བསུ་ཆེན་པོ་ཐོབ།
བྱ་འགུལ་འདིར་སློབ་གླིང་ཡོངས་ཀྱི་དགེ་སློབ་དག་རང་འགུལ་གྱིས་ཞུགས་པ་མ་ཟད། སློབ་གསོ་དང་ལག་ལེན་ཟུང་དུ་སྦྱར་ཏེ་སློབ་གྲོགས་རྣམས་ཀྱིས་མི་རིགས་རིག་གནས་སྒྱུ་རྩལ་སློབ་སྦྱོང་བྱེད་པར་སྤྲོ་སེམས་རབ་ཏུ་བསྐྱེད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10