མཚོ་ལྷོ་ཁུལ་གྲོང་གསེབ་སྨན་པ་ལྷ་ལུང་ཚེ་རིང་རྒྱལ་ཡོངས་ཆེས་ལེགས་གྲོང་གསེབ་སྨན་པའི་རྗེས་འདེམ་མི་སྣར་ཚུད།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-01-14

ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་གནང་བའི2012ལོའི་གྲོང་གསེབ་ཆེས་ལེགས་སྨན་པ་འཚོལ་བའི་སྤྱི་ཕན་བྱ་འགུལ་ཆེན་མོའི་ཁྲོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་བ་ཝོ་སྡེ་བའི་གྲོང་གསེབ་སྨན་པ་ལྷ་ལུང་ཚེ་རིང་ནི་རྒྱལ་ཡོངས་ཆེས་ལེགས་གྲོང་གསེབ་སྨན་པའི་རྗེས་འདེམ་མི་སྣ་རུ་ཚུད། ཁོ་ནི་མཚོ་སྔོན་ཞིང་ཆེན་དུ་འདི་ལྟ་བུའི་གཟི་བརྗིད་རྗེས་འདེམ་མི་སྣ་རུ་ཚུད་པའི་གྲོང་གསེབ་སྨན་པ་ཉག་ཅིག་ཡིན།
       གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་བ་ཝོ་སྡེ་བ་ནི་གཙོ་ཆེར་ཕྱུགས་རིགས་འཚོ་སྐྱོང་དང་།  འགྲིམ་འགྲུལ་སྟབས་བདེ་མིན་པའི་བོད་རིགས་སྲིད་འཛིན་སྡེ་བ་ཞིག་ཡིན་ལ། སྡེ་བ་ཡོངས་སུ་དུད་ཁྱིམ289དང་སྡེ་མི1183ཡོད།  དེར་སྨན་བཅོས་འཕྲོད་བསྟེན་གྱི་བྱ་བ་སྒྲུབ་པར་དཀའ་ཁག་གང་མང་ཡོད་ནའང་། ལྷ་ལུང་ཚེ་རིང་གིས་དཀའ་ངལ་ཡོད་ཚད་ཁྱད་དུ་བསད་དེ་འབྲོག་དམངས་ཀྱི་བདེ་ཐང་སྲུང་བར་གཞོལ་ཞིང་། ཆེད་ལས་ཤེས་བྱར་འབད་འབངས་སྒོས་སྡེ་མི་རྣམས་ལ་ཞབས་ཞུ་ལེགས་པོ་སྒྲུབ་པ་དང་། ས་གནས་མང་ཚོགས་སེམས་ཁོངས་ཀྱི་ཆེས་ལེགས་གྲོང་གསེབ་སྨན་པར་གྱུར་བ་རེད།
        ཉེ་སྔོན།  ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ལྷ་ལུང་ཚེ་རིང་གི་མཛད་དོན་ལ་ཆེད་དོན་བཅར་འདྲི་བྱས་ཤིང་།  ཟླ1པོའི་ཚེས10ཉིན་གྱི་ཆུ་ཚོད1:30སྟེང་ཀྲུང་དབྱངས་བརྙན་འཕྲིན་ཁང་གི་ལེ་ཚན་ཨང13དུ་བཏང་བ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།
  • ལེ་ཚན་རྗེས་མ།:ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་བོད་ཀྱི་ཟློས་གར་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།