ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།
ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྱིས་གྲོས་ཚོགས་ནས་གཏམ་བཤད་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས12ཉིན་མཚོ་སྔོན་ཞིང་ཆེན་གྱི2013ལོའི་འཕྲོད་བསྟེན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། གྲོས་ཚོགས་ནས2012ལོའི་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བྱ་བའི་གནས་ཚུལ་སྤྱི་བསྡོམས་བྱས་པ་དང་། 2013ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་གྱིས་སྨན་བཅོས་འགན་སྲུང་དང་། སྨན་རྫས། སྨན་རྫས་བཅོས་སྒྱུར་སོགས་ཕྱོགས་གསུམ་ཐད་ནས་སྨན་རྫས་བཅོས་སྒྱུར་གྱི་གྲུབ་འབྲས་དང་། ཤུགས་སྣོན་དགོས་པའི་བྱ་བ་དང་གོ་རིམ་རྗེས་མའི་བྱ་བ་གལ་ཆེན་གླེང་། སྨན་རྫས་བཅོས་སྒྱུར་བྱ་བ་ནི་ཚན་རིག་འཕེལ་རྒྱས་ལྟ་བ་དངོས་འབེབས་ལག་བསྟར་བྱེད་པ་དང་། དམངས་ཀྱི་འཚོ་བར་འགན་སྲུང་བྱས་ཏེ་ཇེ་བཟང་དུ་གཏོང་བ། མི་དམངས་མང་ཚོགས་བདེ་ཐང་ཡོང་བར་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་དང་དོན་དག་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་སྤྱི་ཚོགས་ཁྱབ་ཁོངས་སུ་ལག་བསྟར་བྱེད་པའི་ཕྱོགས་བསྡུས་བཅོས་སྒྱུར་ཞིག་རེད། ལོ་གསུམ་གྱི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་། ཞིང་ཆེན་སྨན་རྫས་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གི་ཕྱོགས་བསྡུས་མཐུན་སྦྱོར་ལྟར། གཞི་རྩའི་འགན་སྲུང་དང་གཞི་རིམ་ཇེ་བརྟན་དུ་གཏོང་བ། ནང་རྐྱེན་འཛུགས་སྐྲུན་བྱེད་པའི་རྩ་དོན་ལ་དམིགས་ནས། སྨན་བཅོས་འགན་སྲུང་དང་སྨན་རྫས། སྨན་རྫས་བཅོས་སྒྱུར་བཅས་ཕྱོགས་གསུམ་ཐད་ཀྱི་བྱ་བ་དམ་འཛིན་བྱས་ནས། སྨན་རྫས་བཅོས་སྒྱུར་བྱ་བར་གྲུབ་འབྲས་མངོན་གསལ་བླངས། ཞིང་ཆེན་དང་ཁུལ། རྫོང་དང་ཞང་བཅས་རིམ་པའི་སྨན་བཅོས་ལས་ཁུངས་གཙོ་བོས“སྔོན་ན་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་རྗེས་ད་གཟོད་སྨན་རིན་རྩིས་རྒྱག”པའི་ཞབས་ཕྱི་སྒྲུབ་པ་དང་། ཟི་ལིང་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་གཉིས་ཀྱི་རྒྱལ་ཁབ་རིམ་པའི་གཞུང་བཙུགས་སྨན་ཁང་གི་སྨན་རྫས་བཅོས་སྒྱུར་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཟེར།
མཱ་ཧྲོན་ཆིན་གྱིས་ནན་གྱིས་བསྟན་དོན། སྨན་རྫས་བཅོས་སྒྱུར་བྱེད་པ་དེ་ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་ཁེ་ཕན་བསྐྲུན་པའི་དོན་དག་ཅིག་ཡིན་པས། འཕྲོད་བསྟེན་ལས་དོན་འཕེལ་རྒྱས་སུ་བཏང་ཞིང་སྨན་རྫས་བཅོས་སྒྱུར་བྱ་བར་གསོན་ཤུགས་བསྣན། ཕྱིན་ཆད་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལྟར། མུ་མཐུད་དུ་དཀའ་ཁག་ཡོད་ཚད་ཁྱད་དུ་བསལ་ནས། དངོས་འབེབས་དམ་འཛིན་བྱེད་པ་དང་། ནད་ཡོད་ན་སྨན་པར་སྟོན་ཐུབ་པའི་བྱ་བ་མངོན་འགྱུར་བྱས་ནས་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།
གྲོས་ཚོགས་ནས2012ལོའི་དམིགས་འབེན་འགན་འཁུར་ལག་བསྟར་བྱས་པའི་ཕུལ་བྱུང་ས་ཁུལ་དང་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བྱ་བའི་སྔོན་ཐོན་ཐུན་མོང་། སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་བྱས་པ་དང་། 2013ལོའི་ས་གནས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ཀྱི་དམིགས་འབེན་དོ་དམ་འགན་འཁུར་ཡི་གེ་བཀོད། །