ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-01-15
ཨ་ལི་པ་པ་དྲ་བའི་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་པུར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའི་སྒྲོག་སྦྱངས་སྙན་ཞུ་འཇུག་སྒྲིལ་རྗེས། ཁེ་ལས་ཀྱི་ལས་བཟོ་པའི་འཐུས་མི་དང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་མཉམ་འགུལ་སྤེལ་རེས་གནང་ཡོད། ལས་བཟོ་པ་ཀྲང་མི་ཏ་ཡིས་ཁེ་ལས་འབྲིང་ཆུང་གི་གོང་འཕེལ་ཁོར་ཡུག་ལ་དམིགས་བསལ་དོ་འཁུར་གནང་གི་ཡོད་པ་དང་། ཁོང་གིས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཅང་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་འགོ་འཛིན་ལིའུ་ཀྲེ་པེའོ་དང་། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཡང་ཝེ་མིན་དང་སྤེལ་རེས་གནང་ནས། ཀྲང་མི་ཏ་ཡིས་སླད་ཕྱིན་རྒྱལ་ཁབ་ཀྱིས་ཀྲུང་གོའི་ཁེ་ལས་འབྲིང་ཆུང་དེ་ཕྱོགས་གང་དུ་སྣེ་ཁྲིད་བྱེད་དམ་ཞེས་དྲིས་པར། ཡང་ཝེ་མིན་གྱིས་ཁེ་ལས་འབྲིང་ཆུང་ནི་རྒྱལ་ཁབ་གཅིག་གི་རྒྱལ་དམངས་དཔལ་འབྱོར་དང་། ལས་ཞུགས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱིས་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་བའི་སྲིད་ཇུས་ལ་འགྱུར་བ་གཏོང་མི་སྲིད་པ་ཞིག་ཡིན་པ་མ་ཟད། རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་རེད་ཅེས་ལན་སྐྱོན་གནང་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10