ད་ལོར་མཚོ་སྔོན་གྱིས་འགན་སྲུང་སྡོད་ཁང་ཁྲི5ལྷག་འཛུགས་སྐྲུན་བྱེད་རྒྱུ་རེད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    མཚོ་སྔོན་གསར་འགྱུར་དྲ་བ།    2013-01-11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས2012ལོའི་ཟླ12པའི་ཚེས31ཉིན་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་སྡོད་ཁང་འགན་སྲུང་ཁྲུའུ་ནས་རྒྱུས་ལོན་པ་ལྟར་ན། 2013ལོར་མཚོ་སྔོན་ཞིང་ཆེན་གྱིས་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ལག་བསྟར་བྱེད་པའི་ལས་འགན་ཉེ་སྔོན་གཏན་འཁེལ་བྱས་ཡོད་དེ། འགན་སྲུང་སྡོད་ཁང་དང་སྤྱིལ་ཁྱིམ་ཁུལ་ལེགས་བཅོས་ཀྱི་སྡོད་ཁང་བཅས་བསྡོམས་པས་སྡོད་ཁང་ཁྲི5.5267འཛུགས་སྐྲུན་བྱེད་རྒྱུ་རེད། མཚོ་སྔོན་གྱིས་མ་དངུལ་གཏོང་ཚད་དང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས་སྔར་ལས་མང་བའི་སྡོད་ཁང་དཀའ་ངལ་ཁྱིམ་ཚང་ལ་འགན་སྲུང་སྡོད་ཁང་མཁོ་འདོན་བྱེད་རྒྱུ་རེད།

མིག་སྔར། མཚོ་སྔོན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་མཐུན་སྦྱོར་ཚན་ཆུང་དང་མཉམ་དུ2013ལོའི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་འཛུགས་སྐྲུན་དམིགས་ཚད་འགན་འཁྲི་གན་རྒྱ་བཞག དམིགས་ཚད་ལས་འགན་ལྟར་ན། 2013ལོར་མཚོ་སྔོན་ཞིང་ཆེན་གྱིས་གླ་རིན་དམའ་བའི་སྡོད་ཁང1598དང་སྤྱི་བའི་གླ་གཏོང་སྡོད་ཁང7767། གོང་དམའ་སྤྱོད་བདེའི་སྡོད་ཁང1000བཅས་གསར་འཛུགས་བྱེད་པ་དང་། གྲོང་ཁྱེར་སྤྱིལ་ཁྱིམ་ཁུལ་གྱི་ཁྱིམ་ཚང་ཁྲི3.64དང་རྒྱལ་དབང་བཟོ་གཏེར་སྤྱིལ་ཁྱིམ་ཁུལ་གྱི་ཁྱིམ་ཚང3844། གསར་སྦོལ་ཁུལ་གྱི་སྤྱིལ་ཁྱིམ4635བཅས་ལེགས་བཅོས་བྱེད་རྒྱུ་ཡིན་ལ། ཞིང་སྡེའི་ཁང་རྙིང་བསྒྱུར་བཅོས་ལས་འགན་དེ་ཀྲུང་དབྱང་གི་གཏན་འཁེལ་བྱས་པའི་ཁ་གསབ་མ་དངུལ་འཆར་གཞི་ལྟར་ལག་བསྟར་བྱེད་རྒྱུ་རེད། དུས་མཚུངས་སུ2013ལོར་མཚོ་སྔོན་གྱིས་གླ་གཏོང་སྡོད་ཁང་གི་ཁ་གསབ་ཁྱིམ་ཚང་ཁྲི0.5གསར་སྣོན་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་གིས་གཏན་འཁེལ་གྱི་ཁ་གསབ་ཁྱབ་ཁོངས་དང་ཚད་གཞི་ལྟར་མཚོ་སྔོན་གྱི་འགན་སྲུང་སྡོད་ཁང་འཛུགས་སྐྲུན་ལ་ཁ་གསབ་མ་དངུལ་སྟེར་རྒྱུ་ཡིན་པ་དང་། མཚོ་སྔོན་གྱིས་མ་དངུལ་གཏོང་བར་ཤུགས་བསྣན་ཏེ ་གསར་དུ་བསྣན་པའི་འཛུགས་སྐྲུན་ས་ཁོངས་འཆར་གཞིའི་ཁྲོད། འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་འཛུགས་སྐྲུན་ས་ཁོངས་ལོགས་སུ་བགར་ཏེ་མཁོ་སྤྲོད་ལ་ཁག་ཐེག་བྱེད་རྒྱུ་ཡིན་པ་མ་ཟད། དུས་མཚུངས་སུ་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཀྱི་ཁྲལ་བསྡུ་དང་ཡིད་རྟོན་དངུལ་བུན་རོགས་སྐྱོར་སྲིད་ཇུས་ནན་ཏན་སྒོས་ལག་བསྟར་བྱས་ནས། བཟོ་འགོད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ་བཟོ་འགོད་ཀྱི་འཛུགས་སྐྲུན་འཕར་རིམ་དང་བཟོ་འགོད་ཀྱི་སྤུས་ཚད་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། འགན་སྲུང་སྡོད་ཁང་གི་བགོ་སྤྲོད་དང་དོ་དམ་ཚད་ལྡན་དུ་བཏང་ནས་དོ་དམ་ཞབས་ཞུ་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།

2012ལོར་མཚོ་སྔོན་གྱིས་གྲོང་རྡལ་འགན་སྲུང་སྡོད་ཁང་ཁྲི3.54གསར་འཛུགས་བྱས་པ་དང་། སྡོད་ཁང་ཁྲི5.86ལེགས་འགྲུབ་བྱས་པས་རྒྱལ་ཁབ་ཀྱི་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད། །

  • ལེ་ཚན་སྔོན་མ།:ཐེམ་ཆེན་རྫོང་གིས་དམངས་ཕན་བཟོ་སྐྲུན་ཆེན་པོ་ལྔ་ལག་བསྟར་བྱས་པ།
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡུས་ཧྲུའུ་རུ་ཕེབས་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།