བན་དེ་སྐྱབས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན། 2013-01-11
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གིས་བདེ་འཇགས་ཀྱི་ཐེམ་ཆེན་འཛུགས་སྐྲུན་བྱེད་པའི་རྩ་དོན་ལྟར།དམངས་ཕྱུག་དང་དམངས་ཕན། དམངས་བདེ། དམངས་སྐྱིད། དམངས་སྐྱོང་བཅས་ཀྱི་བཟོ་སྐྲུན་ཆེན་པོ་ལྔ་ལག་བསྟར་བྱས་ནས། བརྩོན་སེམས་ཆེན་པོས་དམངས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཏེ་དམངས་འཚོའི་གནད་དོན་དངོས་སུ་ཐག་བཅད་པས། བཟོ་སྐྲུན་ཆེན་པོ་ལྔའི་བྱ་བར་མང་ཚོགས་ཀྱིས་གདེང་འཇོག་ཡག་པོ་བྱས།
རྒྱུས་ལོན་བྱས་པ་ལྟར་ན། དམངས་བདེའི་བཟོ་སྐྲུན་ཁྲོད་དུ་རྫོང་དེས་མང་ཚོགས་ལ་ངལ་རྩོལ་ལས་ཀ་འདོན་སྤྲོད་དང་མ་མཐའི་འཚོ་བའི་འགན་སྲུང་ཕྱོགས་ཀྱི་ཞབས་ཞུ་སྒྲུབ་སྟེ། “དམངས་ཀྱི་སྐྱིད་སྡུག་ཤེས་པ་དང་དཀའ་ངལ་སེལ་བ།དམངས་སེམས་སྐྱིད་དུ་འཇུག་པ”བཅས་བྱས་ཡོད། དམངས་ཕྱུག་བཟོ་སྐྲུན་ཁྲོད་རྫོང་དེས་ས་དེར་སྡོད་པའི་ཁེ་ལས་ཀྱིས་ལས་བཟོ་བའི་ལས་ཞུགས་ཀྱི་དགོས་མཁོ་དང་བསྟུན་ནས་མཁར་གྲོང་གི་ལས་ཞུགས་ཐད་དཀའ་ཁག་ཡོད་པའི་མི་སྣའི་ལས་ཞུགས་ཀྱི་གནད་དོན་ཐག་བཅད། ངལ་རྩོལ་པ་ལྷག་མ་ལས་ཀར་ཞུགས་པའི་རྒྱ་ཆེར་བསྐྱེད་དེ་ལས་ཀར་ཞུགས་ཚད་མི་ཐེངས2250མངོན་དུ་གྱུར། དམངས་བདེ་བཟོ་སྐྲུན་ཁྲོད་རྫོང་དེས་བདེ་སྲུང་དང་བདེ་འཇགས་འཆམ་མཐུན་བཅས་མཉམ་གནས་མཉམ་འཕེལ་འོང་བར་མཁོ་བའི་བདེ་ཐང་གི་ཁོར་ཡུག་སྐྲུན། དམངས་སྐྱིད་བཟོ་སྐྲུན་བྱ་བའི་ལས་རིམ་ཁྲོད་རྫོང་དེས་གསར་དུ་ལས་པའི་ན་གཞོན་བྱ་འགུལ་ལྟེ་གནས་བེད་སྤྱད་དེ་ཟབ་སྦྱོང་འཛིན་གྲྭ་འདྲ་མིན་སྒྲུབ་པ་དང་། དཔེ་ཀློག་བྱ་འགུལ་སྤེལ་བ་དང་སྦྲགས། དཔེ་ཆ་དང་དུས་དེབ་སོགས་རིན་མ་བླངས་པར་འགྲེམ་སྤེལ་བྱས་ནས། ཕན་འབྲས་ལྡན་པའི་ངང་རྫོང་ཡོངས་ཀྱི་མི་དམངས་ལ་རིག་གནས་བྱ་འགུལ་གཏིང་ཟབ་ཏུ་སྤེལ། དམངས་སྐྱོང་བྱ་བའི་བཟོ་སྐྲུན་ཁྲོད་རྫོང་དེས“འབུར་ཐོན་ཁྱིམ་ཚང”དང་“ལྔ་སྐྱོང་ཁྱིམ་ཚང”། ད་དུང་“ཡ་རབས་ཁྱིམ་ཚང”དང་སྔོན་ཐོན་དཔེ་ལེགས་ཅན་ལ་བྱ་དགའ་བྱིན་ནས་དྲིལ་བསྒྲགས་གང་ལེགས་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10