བོད་ལྗོངས་དཔེ་མཛོད་ཁང་གིས་འབྲིང་ཆུང་སློབ་མའི་དཔེ་ཀློག་བྱ་འགུལ་སྤེལ་བ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-01-11

བོད་ལྗོངས་དཔེ་མཛོད་ཁང་གིས་འབྲིང་ཆུང་སློབ་མའི་དཔེ་ཀློག་བྱ་འགུལ་སྤེལ་བ།
འབྲིང་ཆུང་སློབ་མས་དཔེ་ཀློག་བྱེད་བཞིན་པ།

        འབྲིང་ཆུང་སློབ་མའི་དགུན་གནང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར། ཟླ1པོའི་ཚེས5ཉིན་ནས་བོད་ལྗོངས་དཔེ་མཛོད་ཁང་གིས་ཟླ་གཅིག་གི་དུས་ཡུན་བེད་སྤྱད་དེ་དཔེ་ཆ་གཅིག་བཀླགས་ཏེ་མྱོང་ཚོར་ཞིག་འབྲི་བའི་བྱ་འགུལ་སྤེལ་གྱི་ཡོད་དེ། བོད་ལྗོངས་དཔེ་མཛོད་ཁང་གི་བྱིས་པའི་དཔེ་ཀློག་ཁང་དུ་འབྲིང་ཆུང་སློབ་མ་དག་གིས་བློ་རྩེ་གཅིག་སྒྲིལ་གྱིས་དཔེ་ཀློག་བྱེད་ཀྱི་ཡོད་ཅིང་། སློབ་གྲོགས་ཉི་མ་ཚེ་རིང་གིས་མོ་ནི་དུས་རྒྱུན་ལོ་རྒྱུས་ཀྱི་དཔེ་དེབ་ཀློག་པར་དགའ་ཞིང་དེས་རང་ཉིད་ཀྱི་རྩོམ་འབྲིའི་ནུས་པ་མཐོར་འདེགས་སུ་གཏོང་བར་ཕན་ནུས་ཆེན་མོ་ཐོན་གྱི་འདུག་ཟེར།

བོད་ལྗོངས་དཔེ་མཛོད་ཁང་གིས་འབྲིང་ཆུང་སློབ་མའི་དཔེ་ཀློག་བྱ་འགུལ་སྤེལ་བ།
སྤྲོ་སེམས་འཁོལ་བའི་དགུན་གནང་གི་དཔེ་ཀློག་བྱ་འགུལ།

        བྱ་འགུལ་སྤེལ་བའི་དུས་སྐབས་འདིའི་ནང་དཔེ་མཛོད་ཁང་གིས་མིང་གྲགས་དཔེ་ཀློག་ཁྲིད་སྟོན་པ2སམ3གདན་འདྲེན་ཞུས་ཏེ་སློབ་ཕྱིའི་དཔེ་ཀློག་འཆད་ཁྲིད་བྱེད་པ་མ་ཟད། དཔེ་མཛོད་ཁང་གིས་འགན་བླངས་ཏེ་སློབ་མས་བློ་ཞིབ་མོ་དང་གཏིང་ཟབ་སྒོས་དཔེ་ཀློག་བྱེད་པར་ཁྲིད་སྟོན་བྱེད་ལ། བྱ་འགུལ་གྱི་དུས་མཇུག་ཏུ་ད་དུང་དཔེ་ཀློག་མྱོང་ཚོར་གྱི་འབྲེལ་འདྲིས་བྱ་འགུལ་སྤེལ་རྒྱུ་ཡིན་པ་རེད།
        དགེ་སློབ་བར་འབྲེལ་འདྲིས་བྱེད་པར་སྟབས་བདེ་ཡོང་ཆེད། བོད་ལྗོངས་དཔེ་མཛོད་ཁང་གི་དཔེ་ཀློག་རྒྱུ་ཆ་མཉམ་སྤྱོད་ཅེས་པའིQQཚོགས་པའང་བཙུགས་པ་རེད། བོད་ལྗོངས་དཔེ་མཛོད་ཁང་གི་འགོ་གཙོས་བཤད་རྒྱུར། འདི་ལྟ་བུའི་བྱ་འགུལ་སྤེལ་བ་ནི་སློབ་མ་རྣམས་ཀྱི་དཔེ་ཀློག་འདུ་ཤེས་མཐོར་འདེགས་དང་དཔེ་ཀློག་གི་སྤྲོ་བ་ཡར་བསྐྱེད། དཔེ་ཀློག་གི་རྒྱུན་གོམས་ལེགས་པོ་ཞིག་སྐྱེད་པ་བཅས་ཀྱི་ཆེད་ཡིན་ཟེར།

  • ལེ་ཚན་སྔོན་མ།:པེ་ཅིང་འབྲུག་མོ་བོད་སྐད་བྱ་སྒྲུབ་ཁང་དངོས་སུ་བཙུགས་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱི་སྒྲུང་རིང《རྒུད》པར་དུ་བསྐྲུན་པ།
  • དོ་སྣང་ཆེ་བའི་རྩོམ།