ལིས་ཁི་ཆང་གིས་ཧྥ་རིན་སིའི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-01-10

ལིས་ཁི་ཆང་གིས་ཧྥ་རིན་སིའི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་ལ་མཇལ་འཕྲད་གནང་བ།

  ཟླ1པོའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཧྥ་རིན་སིའི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་མའོ་ཁི་སི་ཝེ་ཆི་ལ་མཇལ་འཕྲད་གནང་།  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་གིས་ཚེས8ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཧྥ་རིན་སིའི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་མའོ་ཁི་སི་ཝེ་ཆི་ལ་མཇལ་འཕྲད་གནང་བར་མ་ཟད། ཕྱོགས་གཉིས་ཀྱིས་འཛམ་གླིང་དཔལ་འབྱོར་གྱི་གནས་བབ་དང་ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་སོགས་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་ཟབ་མོ་བྱས།  ལིས་ཁི་ཆང་གིས་གསུངས་རྒྱུར། མིག་སྔར་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་འབུར་དུ་ཐོན་པའི་དཔལ་འབྱོར་གྱི་འགལ་བར་འཕྲད་ཡོད་པ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱང་དཀའ་ཁག་མང་པོར་འཕྲད་ཡོད། ཚང་མས་ཕན་ཚུན་ལ་མཉམ་འབྲེལ་དང་ལྟ་ཚུལ་གཅིག་བསྡུས་བྱས་ཏེ་མིའི་རིགས་ཁ་ཕྱོགས་པའི་དཔལ་འབྱོར་དངུལ་ལོར་ཁྱབ་ཁོངས་ཀྱི་དགོས་གཏུག་ཆེ་བའི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་དགོས་ལ། རེ་བ་ཡིན་ན་ཧྥ་རིན་སི་ཕྱོགས་ཀྱིས་མུ་མཐུད་དུ་མཐོ་གསར་ལག་རྩལ་གྱིས་ཀྲུང་གོར་ཕྱིར་གཏོང་བྱེད་པར་མཐུན་རྐྱེན་བསྐྲུན་དགོས་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོར་སྤྱོད་པའི་མཐོ་གསར་ལག་རྩལ་གྱི་ཕྱིར་གཏོང་དོ་དམ་མེད་པར་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།  ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོར་འཕེལ་རྒྱས་དོ་མཉམ་མིན་པའི་འགལ་བ་འབུར་ཐོན་ཡིན་ལ། གྲོང་བརྡལ་དང་ས་ཁོངས་བར་གྱི་ཁྱད་པར་ནི་ཆེས་ཆེ་བའི་བར་ཆད་ཡིན་པ་དང་ཁྱད་པར་འདི་གཉིས་ཇེ་ཆུང་དུ་གཏོང་རྒྱུ་ནི་དེང་རབས་ཅན་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་རེ་བ་དང་འཐབ་ཇུས་ཀྱི་གདམ་གསེས་ཡིན་པར་མ་ཟད་དེ་ནི་དུས་ཡུན་ཅུང་རིང་བའི་གོ་རིམ་ཞིག་ཡིན། རྣམ་པ་གསར་བའི་གྲོང་བརྡལ་ཅན་ལ་ཡར་སྐུལ་གཏོང་བ་དང་ཁྱད་པར་ཆེན་པོ་གཉིས་འདྲ་མཉམ་ཡོང་བར་བྱེད་པ་ནི་རྙོག་འཛིང་གི་བཟོ་སྐྲུན་ཞིག་དང་ཐག་གཅོད་བྱེད་དགོས་པའི་རྨང་གཞི་རང་བཞིན་གྱི་བགྲོད་ལམ་ཞིག་རེད། གཙོ་བོ་མཁར་གྲོང་ཅན་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ལེགས་ཤིང་ནུས་ཁུངས་གྲོན་ཆུང་བྱེད་ཐུབ་པའི་མཁར་གྲོང་ཅན་གྱི་ལམ་དུ་བསྐྱོད་དགོས། ན་ནིང་བདག་གིས་ཡོ་རོབ་གླིང་ལ་འཚམས་འདྲི་བྱེད་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་མཁར་གྲོང་ཅན་གྱི་ཐུན་མོང་བསྒྲགས་གཏམ་སྟེང་མིང་བཀོད་ནས་འདུ་ཤེས་དང་ལག་རྩལ། ཁྲོམ་ར་སོགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཟེར།  མའོ་སི་ཁི་ཝེ་ཆི་ཡིས་ཧྥ་རིན་སི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  །

 
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས2013ལོའི་པར་སྐྲུན་འཆར་འགོད་བརྗོད་གཞི་འདེམ་པའི་དཔྱད་འབེབས་ཚོགས་འདུ་བསྡུས།
  • ལེ་ཚན་རྗེས་མ།:དངོས་བྲིས་གློག་བརྙན《གཡང་ཆགས་པའི་ཁམས་ཡུལ》ཞེས་པ་དངོས་སུ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།