2013ལོའི་ཉིང་ཁྲིའི་ཁམས་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    བོད་ལྗོངས་འཕྲིན་དྲ།    2013-01-09

སྤྱི་ཚེས4ཉིན། ཉིང་ཁྲིར་ལྷན་འཛོམས་ཐོག་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་དཔྱིད་ཀ་འཚོལ་བ་ཞེས་བརྗོད་དོན་དུ་བྱས་པའི། སྐབས་བཅུ་གཅིག་པའི་ཉིང་ཁྲིའི་ཁམས་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུའམ། ཡུལ་སྐོར་རིག་གནས་བྱེད་སྒོ་ཆེ་གྲས་ཉིང་ཁྲིར་ལོག་འགྲོ་ཞེས་པ་དེ། པེ་ཅིང789པདྨ་མེ་ཏོག་སྒྱུ་རྩལ་ལྟེ་གནས་སུ་གཉེར་བ་དང་། ཐེངས་འདིའི་བྱེད་སྒོ་ནི་བོད་ལྗོངས་ཉིང་ཁྲི་རྫོང་མི་དམངས་སྲིད་གཞུང་གི་གཙོ་གཉེར་བྱས་པ་དང་། བོད་ལྗོངས་ཡུལ་སྐོར་མ་འཇོག་ཚད་ཡོད་ཀུང་སིས་འཆར་འགོད་བྱས་པ་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲིའི་ཁམས་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་དེ་ནི། སྤྱི་ལོ2002ལོ་ནས་འགོ་བཙུགས་པ་དང་ད་བར་ཐེངས་བཅུ་ཙམ་ལེགས་གྲུབ་ལྡན་པའི་ངང་གཉེར་ཡོད། སྤྱི་ལོ2013ལོའི་སྐབས་བཅུ་གཅིག་པའི་ཉིང་ཁྲིའི་ཁམས་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་དེ། མི་རིང་བར་གཉེར་རྒྱུ་རེད། སྔོན་དཔགས་བྱས་ན། ད་ལོའི་ཁམས་བུའི་མེ་ཏོག་བཞད་པའི་དུས་ཚོད་ནི་སྤྱི་ཟླ3པའི་ཚེས15ཉིན་ནས། སྤྱི་ཟླ4པའི་ཚེས30ཉིན་བར་བཞད་རྒྱུ་ཡིན་པས་ཡུལ་སྐོར་བ་ཚོར་མིག་གི་དགྱེས་སྟོན་ཞིག་བཤམས་རྒྱུ་རེད།   །

  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«སྐྱེ་དངོས་ཐོན་ལས་འཕེལ་རྒྱས་འཆར་འགོད» བཀྲམས་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་རིན་མི་དགོས་པར《ཞིན་ཧྭ་ཚིག་མཛོད》སྤྲོད་རྒྱུ་ཡ
  • དོ་སྣང་ཆེ་བའི་རྩོམ།