རང་རྒྱལ་གྱིས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་རིན་མི་དགོས་པར《ཞིན་ཧྭ་ཚིག་མཛོད》སྤྲོད་རྒྱུ་ཡིན་པ།

    བོད་ལྗོངས་གསར་འགྱུར་དྲ་བ།    2013-01-09

ནོར་སྲིད་པུའུ་དང་སློབ་གསོ་པུས་གཏན་འབེབས་གསར་ཤོས་བྱས་པའི་རྒྱལ་ཁབ་ཀྱི་རིན་མི་དགོས་པར་སློབ་དེབ་མཁོ་འདོན་བྱེད་པའི་ཁྱབ་ཁོངས་གཞིར་བཟུང་། 2013ལོའི་དགུན་ཁའི་གུང་གསེང་རྫོགས་རྗེས་སློབ་འགོ་ཚུགས་པ་ནས་བཟུང་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་གྲོང་གསེབ་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་ལོ་རིམ་དང་པོ་ནས་དགུ་པའི་བར་གྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་མར་རིན་མི་དགོས་པར《ཞིན་ཧྭ་ཚིག་མཛོད》སྤྲོད་རྒྱུ་ཡིན་པ་རེད།

ཚེས5ཉིན་གསར་འགོད་པར་ཤེས་རྟོགས་བྱུང་བར།གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡིས་ས་ཆ་ཁག་ལ་དཔེ་བསྐྲུན་འགྲེམས་སྤེལ་ཚོགས་པ་དང་གཞོགས་འདེགས་བྱས་ནས་རིན་མི་དགོས་པའི《ཞིན་ཧྭ་ཚིག་མཛོད》སྲིད་གཞུང་གི་ཉོ་སྒྲུབ་ལས་དོན་ཡག་པོ་བསྒྲུབས་ཏེ་ཚིག་མཛོད“དུས་ཐོག་དང་འདང་ངེས་ཀྱི་སྒོ་ནས་མཁོ་འདོན་དོན་འཁྱོལ་ཐུབ་པའི”འགན་ལེན་བྱས་ཐོག“ཚིག་མཛོད་གཞན་དག་གིས《ཞིན་ཧྭ་ཚིག་མཛོད》ཀྱི་ཚབ་བྱ་རྒྱུ”ནན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོང་དོན་དཔེ་དེབ་པར་ཁང་གི་འགན་ཁུར་མི་སྣས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་རིན་མི་དགོས་པའི《ཞིན་ཧྭ་ཚིག་མཛོད》དུས་ཐོག་ཏུ་སྤྲོད་ཐུབ་ཆེད་དཔེ་སྐྲུན་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་པར་སྐྲུན་ཚན་པ30ལྷག་སྒྲིག་འཛུགས་བྱས་ཏེ་ཐོན་སྐྱེད་ཧུར་ཐག་བྱེད་པ་དང་མཁོ་སྤྲོད་འགན་ལེན་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།  །

  • ལེ་ཚན་སྔོན་མ།:2013ལོའི་ཉིང་ཁྲིའི་ཁམས་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་པེ་
  • ལེ་ཚན་རྗེས་མ།:བོད་ལྗོངས་དཔེ་མཛོད་ཁང་གིས་འབྲིང་ཆུང་སློབ་མའི་དཔེ་ཀློག་བྱ་འགུལ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།