ཞིན་ཧྭ་གསར་འགྱུར་དྲ་བ། 2013-01-07
གསར་དུ་བསྐོས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིབ་བསྡུར་འཛིན་གྲྭ་དེ2013ལོའི་ཟླ་དང་པོའི་ཚེས་ལྔ་ཉིན་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་ཚུགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།
འདི་ནི་ལིས་ཁི་ཆང་གིས་འཛིན་གྲྭ་ཚོགས་མགོ་རྩོམ་མཛད་སྒོར་མགོ་འཛིན་མཛད་པའི་ཚུལ་རེད།
གསར་དུ་བསྐོས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིབ་བསྡུར་འཛིན་གྲྭ་དེ2013ལོའི་ཟླ་དང་པོའི་ཚེས་ལྔ་ཉིན་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་ཚུགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་གིས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་མཛད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲང་ཏི་ཅང་དང་ཡོས་ཀྲིན་ཧྲིན། ལིག་ཡོན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།
ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས། བགྲོད་ལམ་གྱི་གནད་དོན་ནི་ཏང་གི་ལས་དོན་གྱི་དར་རྒུད་ལ་རག་ལས་པའི་གནད་དོན་ཆེས་གཙོ་བོ་ཡིན་ལ། བགྲོད་ལམ་ནི་ཏང་གི་བླ་སྲོག་ལྟ་བུ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཚན་རིག་སྤྱི་ཚོགས་རིང་ལུགས་གཞུང་ལུགས་ཀྱི་གཏན་ཚིག་དང་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་གཏན་ཚིག་གི་རྩོད་སྒྲུབ་གཅིག་གྱུར་ཡིན་པ་དང་། དེའི་རྩ་བ་ཀྲུང་གོའི་ས་གཞི་ཆེན་པོར་ཟུག་ཡོད་པ་དང་། ཀྲུང་གོ་མི་དམངས་ཀྱི་འདོན་བློ་མཚོན་ལ། ཀྲུང་གོའི་དུས་རབས་འཕེལ་རྒྱས་དང་ཡར་ཐོན་གྱི་རེ་བ་དང་འཚམ་པའི་ཚན་རིག་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་མྱུར་དུ་བསྒྱུར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བགྲོད་ལམ་ཉག་ཅིག་ཡིན་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕེན་གྱིས་བསྟན་དོན། ཏང་ཡོངས་ཀྱི་བློ་མཐུན་གྱིས་ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་འཛིན་པ་ངེས་པར་དུ་རྒྱུན་འཁྱོངས་དང་། བློ་རྩ་བརྟན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་དེ་འཕེལ་རྒྱས་སུ་གཏོང་བ། མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་དང་། ལག་ལེན་ནི་བདེན་ལུགས་དབྱེ་འབྱེད་ཀྱི་ཚད་གཞི་གཅིག་པུ་ཡིན་པ་རྒྱུན་འཁྱོངས་དང་། ལོ་རྒྱུས་ཀྱི་རང་རྟོག་རང་བཞིན་དང་གསར་སྐྲུན་རང་བཞིན་འདོན་སྤེལ་བྱེད་པ་དང་། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ཀྱི་འགྱུར་ལྡོག་འབྱུང་མིན་ལ་ངོས་འཛིན་གསལ་བོ་བྱས་ཏེ། ནམ་ཡང་རི་ངོས་སུ་ལམ་བཏོད་པ་དང་ཆུ་བོར་ཟམ་པ་འཕེན་པའི་སྙིང་སྟོབས་ཡོད་དགོས་པ་དང་། ཡར་རྒྱས་བརྩོན་ལེན་དང་། སྤོབས་པ་ཆེན་པོས་འཚོལ་ཞིབ་བྱས་ཏེ། དངོས་ཡོད་འཚོ་བའི་ཁྲོད་དང་མང་ཚོགས་ཀྱི་བསམ་བློའི་སྟེང་ཉེ་བར་ཐག་གཅོད་དགོས་པའི་གནད་དོན་ལ་དབྱེ་ཞིབ་བྱེད་ཕོད་པ་དང་དེར་ལན་འདེབས་མཁས་པར་བྱེད་རྒྱུ་དང་། བཅོས་སྒྱུར་སྒོ་འབྱེད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ། རྒྱུན་ཆད་མེད་པར་འཚོལ་སྙེག་དང་གསར་སྐྲུན། མདུན་སྐྱོད་བཅས་བྱས་ཏེ། གཞུང་ལུགས་དང་ལག་ལེན། ལམ་ལུགས་བཅས་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་དགོས་ཟེར།
ཞི་ཅིན་ཕེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་གྱི་བརྒྱ་བཤད་ཚིག་གི་རྩ་བ་དེ་དོན་གཅིག་ཏུ་བསྡུས་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རེད་ཅེས་བསྟན་པར་མ་ཟད། གཙོ་བོར་ལོ་རྒྱུས་དང་དོན་དངོས་ཀྱི་ངོས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་རང་ཉིད་ཀྱི་སློབ་སྦྱོང་མྱོང་ཚོར་བརྗོད།
ལིས་ཁི་ཆང་གིས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་མཛད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་དང་སྒོས་སུ་རང་རེའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཚོལ་ཞིབ་བྱེད་པའི་ལོ་རྒྱུས་འཕེལ་རིམ་དང་རླབས་ཆེན་ལག་ལེན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་སྐབས་ཁོང་དུ་ཆུད་པར་བྱེད་དགོས་པའི་གཞུང་ལུགས་གནད་དོན་འགངས་ཆེན་འགའ་བྱེ་བྲག་ཏུ་རྒྱས་བཤད་མཛད་ཡོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་རྒྱུས་ལོན་ཟབ་མོ་དང་ལག་བསྟར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་རང་རྟོག་རང་བཞིན་དང་བློ་བརྟན་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པས། དེར་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ། ངེས་པ་དོན་གྱིས་ལག་བསྟར་བྱེད་དགོས་ཞེས་བསྟན།
པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། དེ་མིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10