ཀན་སུའུ་ཡི་སློབ་གྲྭའི་རླངས་འཁོར་གྱི་བདེ་འཇགས་ལས་གྲྭ་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་པ།

    བོད་ལྗོངས་གསར་འགྱུར་དྲ་བ།    2013-01-07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀན་སུའུ་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་རླངས་འཁོར་གྱི་བདེ་འཇགས་ལས་གྲྭའི་ལས་འགན་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། ཞིང་ཆེན་དེའི་གྲོང་ཁྱེར་དང་ཁུལ14ཡི་རྫོང(གྲོང་ཁྱེར་དང་ཆུས)86ཏུ་སློབ་གྲྭའི་རླངས་འཁོར་གྱི་ལམ་ཐིག་ཤར་གཏོང་ཐུབ་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་མ་ཁྲི30.3ལ་སློབ་གྲྭའི་རླངས་འཁོར་བཏང་ནས་ཞབས་འདེགས་ཞུ་གི་ཡོད་པ་རེད།2012ལོའི་ལོ་འགོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གྲྭའི་རླངས་འཁོར་བདེ་འཇགས་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་དང་ལག་ལེན་བསྟར་ཚུན་ཀན་སུའུ་ཞིང་ཆེན་གྱིས་སློབ་གསོ་དང་སྤྱི་བདེ་སོགས་སྡེ་ཚན20ལས་གྲུབ་པའི་སློབ་གྲྭའི་རླངས་འཁོར་བདེ་འཇགས་ཀྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཟོས་པ་རེད། ཞིང་ཆེན་སྲིད་གཞུང་གིས་ཀྱང་སློབ་གྲྭའི་རླངས་འཁོར་བདེ་འཇགས་ལས་གྲྭ་དེ2012ལོའི་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་ལས་ཀའི་འཆར་གཞིའི་ཁྲོད་བཅུག་པ་རེད།ཀན་སུའུ་ཞིང་ཆེན་གྱིས་རྫོང་རིམ་པའི་སྐྱེལ་འདྲེན་གཉེར་སྐྱོང་ཁེ་ལས་གཙོ་བོ་བྱས་པའི་སྤྱི་པའི་འགྲུལ་སྐྱེལ་བྱེད་སྟངས་ཤིག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་ཐབས་བཏོན་པ་སྟེ། སྤྱི་པའི་འགྲིམ་འགྲུལ་གྱིས་སློབ་མ་སློབ་གྲྭར་འགྲོ་བ་དང་ནང་དུ་ལོག་པའི་དགོས་མཁོ་བསྐངས་ཐུབ་པའི་ས་ཁུལ་དུ་ལུགས་མཐུན་ངང་སྤྱི་པའི་འགྲིམ་འགྲུལ་ལམ་ཐིག་དང་ས་ཚིགས་བཀོད་སྒྲིག་བྱེད་པའི་རྣམ་པ་སྤྱད་དེ་སློབ་མ་རླངས་འཁོར་ནང་སྡོད་པའི་དགོས་མཁོ་བསྐངས་བ་དང་། སྤྱི་པའི་འགྲིམ་འགྲུལ་གྱིས་སློབ་མ་སློབ་གྲྭར་འགྲོ་བ་དང་ནང་དུ་ལོག་པའི་དགོས་མཁོ་བསྐངས་མ་ཐུབ་པའི་ས་ཁུལ་དུ་ས་གནས་ཁག་གི་སློབ་གྲྭས་རྒྱལ་ཁབ་ཀྱི་ཚད་གཞི་དང་འཚམ་པའི་སློབ་གྲྭའི་རླངས་འཁོར་ཉོ་བའམ་ཡང་ན་སྐྱེལ་གཉེར་ཚན་པ་དང་མཐུན་སྦྱོར་བྱས་ཏེ་ཆེད་སྤྱོད་ལམ་ཐིག་བཏོད་པ་དེ་ཡིན།ད་ཆ་ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ14ཚང་མར་སློབ་གྲྭའི་རླངས་འཁོར་བདེ་འཇགས་ཀྱི་དོ་དམ་མཐུན་སྦྱོར་ལམ་སྲོལ་བཟོས་ཏེ་སློབ་གྲྭའི་རླངས་འཁོར་བདེ་འཇགས་ཀྱི་ལས་གྲྭའི་ལག་བསྟར་ཇུས་གཞི་བཟོས་པ་དང་། ཞིང་ཆེན་དེར་ཁྱོན་སློབ་གྲྭའི་རླངས་འཁོར་སྐྱེལ་གཉེར་ལམ་ཐིག3117བཏོད་ཡོད། ཉེ་ཆར་ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་སློབ་གསོ་ཐིང་གིས2012ལོའི་སློབ་གྲྭའི་རླངས་འཁོར་བདེ་འཇགས་ཀྱི་ལས་གྲྭའི་ཞིང་ཆེན་རིམ་པའི་ཆེད་དོན་ཁ་གསབ་མ་དངུལ་སྒོར་ཁྲི1215གྲོང་ཁྱེར་དང་ཁུལ་ཁག་ལ་སྤྲད་པ་རེད། 

  • ལེ་ཚན་སྔོན་མ།:བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བ
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་བློ་རྩ་བརྟན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ས
  • དོ་སྣང་ཆེ་བའི་རྩོམ།