ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ་ལུགས་གསར་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས་པ།

    ཞིན་ཧྭ་གསར་འགྱུར་ཁང    2013-01-04

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ

ཉིས་སྟོང་བཅུ་གསུམ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་ལུགས་གསར་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས་པ་དང་། ཧུའུ་ཅིན་ཐོ་དང་ཞི་ཅིན་ཕེན། ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། ལིས་ཁི་ཆཱང་། ཀྲང་ཏི་ཅང་། ཡོས་ཀྲིན་ཧྲིན། ལིག་ཡོན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཇ་སྟོན་ཚོགས་འདུར་ཞུགས།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ

ཉིས་སྟོང་བཅུ་གསུམ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་ལུགས་གསར་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས། པར་འདི་ནི་ཧུའུ་ཅིན་ཐོ་དང་ཞི་ཅིན་ཕེན་རྣམ་གཉིས་ཀྱིས་ཇ་སྟོན་ཚོགས་འདུའི་སྟེང་བརྩེ་བའི་གསུང་གླེང་མཛད་བཞིན་པའི་ཚུལ་རེད།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ

ཉིས་སྟོང་བཅུ་གསུམ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་ལུགས་གསར་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཇ་སྟོན་ཚོགས་འདུའི་སྟེང་གསུངས་བཤད་གལ་ཆེན་གནང་།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ

ཉིས་སྟོང་བཅུ་གསུམ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་ལུགས་གསར་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཇ་སྟོན་ཚོགས་འདུར་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ་ལུགས་གསར་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས་པ་དང་། ཧུའུ་ཅིན་ཐོ་དང་ཞི་ཅིན་ཕེན། ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། ལིས་ཁི་ཆཱང་། ཀྲང་ཏི་ཅང་། ཡོས་ཀྲིན་ཧྲིན། ལིག་ཡོན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བ། དེ་མིན་རྒྱལ་སའི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི་བཅས་མཉམ་དུ་འཛོམས་ནས་ལུགས་གསར་ལོ་སར་ལ་རོལ། ཞི་ཅིན་ཕེན་གྱིས་ཇ་སྟོན་ཚོགས་འདུའི་སྟེང་གསུང་བཤད་གནང་སྐབས་ཐོག་མར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་མི་དམངས་ཚོགས་པ་སོ་སོ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་བ་དང་ཞིང་བ། ཤེས་ཡོན་ཅན། ལས་བྱེད་པ། ལས་རིགས་སོ་སོའི་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེ་ཉེན་རྟོག་པ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་རྒྱལ་དུ་སྡོད་པའི་སྤུན་ཟླ། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉིས་སྟོང་བཅུ་གཉིས་ལོ་ནི་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ཡོད་པའི་ལོ་ཞིག་ཡིན། ཛ་དྲག་ཆེ་བའི་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་དང་ཧ་ཅང་ལྗིད་པའི་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ལ་དམིགས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་དམ་པོ་དང་གསར་གཏོད་མདུན་སྐྱོད་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་རྣམ་པ་བཟང་བོ་འབྱུང་བར་སྐུལ་འདེད་བཏང་། ཞང་ཀང་དང་ཨོ་མིན་གྱིས་མུ་མཐུད་དུ་དར་རྒྱས་བརྟན་འཇགས་སྲུང་འཛིན་བྱས་ནས་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་། ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས་ཇེ་མང་དུ་བཏང་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཟེར། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉིས་སྟོང་བཅུ་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་པའི་ལོ་ཐོག་མ་ཡིན་པས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་དངོས་འབེབས་བཟང་བོ་བྱེད་པ་དང་། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བརྟན་འཇགས་ཁྲོད་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་གསར་གཏོད་གསར་སྐྲུན་བྱས་ནས། དཔལ་འབྱོར་རྒྱུན་སྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྐུལ་འདེད་བཏང་ཞིང་། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་བཏང་ནས། ཏང་གི་འཛུགས་སྐྲུན་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས། ང་ཚོས་ཞང་ཀང་དང་ཨོ་མིན་ཡུན་རིང་བརྟན་འཇགས་དང་དར་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་དགོས་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས་ལ། ང་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་མིའི་རིགས་ཞི་བདེ་དང་འཕེལ་རྒྱས་སུ་འགྲོ་བའི་བླ་མེད་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་དགོས་ཟེར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཇ་སྟོན་ཚོགས་འདུར་མགོ་འཛིན་མཛད་སྐབས་གསུངས་རྒྱུར། ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། སྔར་ལས་བཟང་བའི་སྒོ་ནས་འབྲེལ་བ་མཐུན་སྦྱོར་དང་སྟོབས་ཤུགས་གཅིག་སྡུད། བློ་འདོན་ཇུས་འབུལ། ཁྱོན་ཡོངས་ལ་ཞབས་ཕྱི་སྒྲུབ་པ་བཅས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་དགོས་ཟེར། ཇ་སྟོན་ཚོགས་འདུའི་སྟེང་ཧུའུ་ཅིན་ཐོ་དང་ཞི་ཅིན་ཕེན་སོགས་མགོ་ཁྲིད་བློ་མཐུན་ལས་རིགས་སོ་སོའི་ཁྲོད་དུ་ཕེབས་ནས་ཚང་མར་བརྩེ་བའི་ཕྱག་འཇུ་གནང་བར་མ་ཟད་ཕན་ཚུན་ལ་འཚམས་འདྲི་ཞུས། །

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་ཡིས་ཁ་ཡིག་ལ«ལག་རྡང་སྦྲེལ་ནས་འཛམ་གླིང་ཞི་བདེ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད
  • ལེ་ཚན་རྗེས་མ།:བོད་ཀྱི་རྩོམ་པ་པོ་དང་སྒྱུར་པ་པོ་བཞི་ལ་མི་རིགས་རྩོམ་རིག་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།