ཀྲུང་གོའི་བོད་སྐད་རླུང་འཕྲིན། 2012-12-31
ཟླ12པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྐབས་རེ་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཡེ་ལོས་མུས་ཆི་ལ་མཇལ་འཕྲད་གནང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚེས27ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྐབས་རེ་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཡེ་ལོས་མུས་ཆི་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། 2012ལོར་འཛམ་གླིང་གི་གནས་བབ་སྤྱིར་བཏང་དུ་བརྟན་འཇགས་ཡིན་ནའང་གནད་དོན་དང་འགྲན་རྩོད་སྣ་ཚོགས་གང་མང་གནས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་གསར་བའི་ནང་དུ་མཉམ་ལས་བྱ་བར་ཇི་ལྟར་ཤུགས་སྣོན་པའི་ཐད་ལ་ནན་ཏན་སྒོས་བསམ་གཞིགས་བཏང་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས། ཞི་བདེ་དང་འཕེལ་རྒྱས་ཕན་ཚུན་དམ་དུ་ཡོད་པ་དང་། འཕེལ་རྒྱས་ནི་ཞི་བདེ་ཡི་རྨང་གཞི་ཡིན་པར་མ་ཟད། རྒྱལ་ཁབ་སོ་སོའི་མི་དམངས་བདེ་སྐྱིད་ཡོང་བར་འབྲེལ་བ་དམ་པོ་ཡོད་པས་འཕེལ་རྒྱས་ཀྱི་གནད་དོན་ལ་སྔར་ལས་མཐོང་ཆེན་བྱེད་དགོས། ཀྲུང་གོས་སྔོན་ཆད་དང་འདྲ་བར་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ། འདྲ་མཉམ་དྲང་བདེན་བཅས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10