བོད་ལྗོངས་ཉིན་རེའི་ཚགས་པར། 2012-12-31
གནམ་མཚོ་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱིས་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་བ14བསྡུས་ཏེ། ཉིན་རེར་བཀྲ་ཤིས་གླིང་ཕྲན་དང་མཚེའུ་འགྲམ་གྱི་སྙིགས་མ་རྣམས་གཙང་བཤེར་བྱས་ཏེ་སྙིགས་མ་ཐག་གཅོད་སར་བསྐྱལ་བ་དང་། ཆེད་དུ་གསང་སྤྱོད་ལ་གད་བདར་བྱེད་མཁན་མི་གཅིག་གཏན་འཁེལ་བྱས་ཏེ་ཡུལ་སྐོར་བར་ཞབས་ཞུ་གང་ལེགས་བསྒྲུབས། དེ་མ་ཟད། ཉེ་ལམ་ཡང་མཚམས་སྦྱོར་བྱང་བུ་དང་། ལམ་སྟོན་བྱང་བུ། གསོལ་ཁང་གི་མིང་སོགས་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་བཀོད་ཡོད་པ་ཕུད། ལམ་བརྒྱུད་ཀྱི་སྤྱི་བའི་གསང་སྤྱོད་དག་གི་རིན་ལེན་པ་མེད་པར་བཏང་སྟེ། ཡངས་པ་ཅན་དང་། གཉན་ཆེན་ཐང་ལྷ། གནམ་མཚོ་བཅས་མཛེས་ལྗོངས་ཁུལ་གྱི་སྤ་སེ་ཉོ་ཁང་ལ་སོགས་པའི་གསང་སྤྱོད་ཀྱི་འཕྲོད་བསྟེན་ཇེ་ལེགས་སུ་བཏང་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10