འོད་སྟོང་འབར་བའི་བོད་ཀྱི་གཏམ་བརྗོད་ཟློས་གར་གྱི་མི་ལོ50

    བོད་ལྗོངས་འཕྲིན་དྲ།    2012-12-31

འོད་སྟོང་འབར་བའི་བོད་ཀྱི་གཏམ་བརྗོད་ཟློས་གར་གྱི་མི་ལོ50

1962ལོར། ཀྲའུ་ཨན་ལེ་དང་གྲན་ཡིས། པཎ་ཆེན་རིན་པོ་ཆེ་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱིས༼འུན་ཤིང་ཀོང་ཇོ༽ཞེས་པའི་འཁྲབ་སྟོན་པ་ཚོ་དང་ལྷན་དུ་སྒྲོན་པའི་པར།

འོད་སྟོང་འབར་བའི་བོད་ཀྱི་གཏམ་བརྗོད་ཟློས་གར་གྱི་མི་ལོ50

1964ལོའི་གཏམ་བརྗོད་ཟློས་གར་ཆེ་གྲས༼སྐད་ཆ་ཤོད་ཁོམ་མེད་པའི་མི༽ཞེས་པའི་བརྙན་པར།

འོད་སྟོང་འབར་བའི་བོད་ཀྱི་གཏམ་བརྗོད་ཟློས་གར་གྱི་མི་ལོ50

བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན༼དགེ་རྟག་སྤྲུལ་སྐུ༽ཞེས་པའི་བརྙན་པར།

འོད་སྟོང་འབར་བའི་བོད་ཀྱི་གཏམ་བརྗོད་ཟློས་གར་གྱི་མི་ལོ50

གློག་བརྙན༼ཧེ་མ་ལ་ཡའི་རྒྱལ་སྲས༽ཞེས་པའི་བརྙན་པར།

འོད་སྟོང་འབར་བའི་བོད་ཀྱི་གཏམ་བརྗོད་ཟློས་གར་གྱི་མི་ལོ50

གཏམ་བརྗོད་ཟློས་གར་ཐུང་གྲས༼ཧ་ལོ། བཀྲ་ཤིས༽ཞེས་པའི་བརྙན་པར།

འོད་སྟོང་འབར་བའི་བོད་ཀྱི་གཏམ་བརྗོད་ཟློས་གར་གྱི་མི་ལོ50

གཏམ་བརྗོད་ཟློས་གར༼གུང་ཕན་སན༽ཞེས་པའི་བརྙན་པར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་རབས་ཕྱེད་ལྷག་ཙམ་ནང་། རང་ལྗོངས་ཀྱི་གཏམ་བརྗོད་ཟློས་གར་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ལོ་ངོ50ཡི་འཕོ་འགྱུར་ཁྲོད་རང་ལྗོངས་ཀྱི་གཏམ་བརྗོད་ཟློས་གར་དེ་ཧྲང་ཧའེ་ཟློས་གར་སློབ་གླིང་དང་དེ་མིན་ཟློས་གར་སློབ་གླིང་ནས་འགོ་བཙུགས་ཏེ། འཁྲབ་སྟོན་པ་མི་རབས་གསུམ་གྱི་དཀའ་སྤྱད་འབད་ཐབས་འོག་དུས་རབས་ཀྱི་གར་སྟེགས་ཆེན་པོ་དེའི་ཐོག་ལྟ་དོད་ལ་ཉན་སྤྲོ་བའི་ཕུལ་བྱུང་གི་རིག་རྩལ་བརྩམས་བྱ་མང་པོ་ཞིག་རྒྱ་ཆེའི་གཟིགས་མོ་བ་ཚོའི་སྤྱན་ལམ་དུ་ཕུལ་ཡོད།

ལོ་ངོ50ཚུན། ས་མཐོའི་གཏམ་བརྗོད་ཟློས་གར་མི་སྣའི་ཞབས་རྗེས་གངས་ལྗོངས་ཀྱི་ཡུལ་གྲུ་ཀུན་དུ་ཁྱབ་ཡོད་ལ། རྒྱལ་ནང་གི་གར་སྟེགས་ཐོག་བསྐྱོད་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གཏམ་བརྗོད་ཟློས་གར་མང་པོ་ཞིག་རྒྱལ་ཡོངས་མི་དམངས་རྣམས་ལ་སྤྱན་འབུལ་ཞུས་པར་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་པ་མ་ཟད། ཚད་མཐོའི་གཟེངས་རྟགས་ཡང་མང་པོ་ཐོབ་ཡོད། དེ་ནི་ས་མཐོའི་གཏམ་བརྗོད་ཟློས་གར་མི་སྣའི་ཚད་མཐོའི་སྒྱུ་རྩལ་གྱི་སྙིང་སྟོབས་ཤིག་དང་། བོད་ཀྱི་གཏམ་བརྗོད་ཟློས་གར་གོང་འཕེལ་དང་དར་རྒྱས་འགྲོ་བའི་སྲ་བརྟན་གྱི་རྨང་གཞི་ཞིག བོད་ཀྱི་རིག་གནས་དེ་ཀྲུང་ཧྭ་རིག་གནས་ལྡུམ་རའི་ནང་བཀྲག་མདངས་རྒྱས་པའི་ས་བོན་ཞིག་བཅས་ཡིན།

1962ལོར་ཐེངས་དང་པོའི་བོད་ཀྱི་གཏམ་བརྗོད་ཟློས་གར་མི་སྣ་སློབ་ཐོན་བྱུང་ནས་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་དངོས་སུ་དབུ་བརྙེས་རྗེས་ཏང་དང་རྒྱལ་ཁབ། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་འགོ་ཁྲིད་བློ་མཐུན་གྱི་ཚད་མཐོའི་མཐོང་ཆེན་དང་མཛུབ་སྟོན་འོག ཚོགས་པ་དེས་འཁྲབ་སྟོན་བྱས་པའི་གཏམ་བརྗོད་ཟློས་གར༼འུན་ཤིང་ཀོང་ཇོ༽ཞེས་པ་དེ་འཛམ་གླིང་ལ་ཁ་ཕྱོགས་ནས་བོད་རྒྱ་མི་རིགས་མཐུན་སྒྲིལ་གྱིས་རླབས་ཆེན་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་སེམས་འདུན་མཚོན་པར་བྱས་ཡོད།

དེ་རྗེས་རིམ་ཁག་ཚན་པའི་རྒྱབ་སྐྱོར་དང་རོགས་རམ་འོག སྔ་རྗེས་སུ་གློག་བརྙན༼ཞིང་བྲན༽ཞེས་པ་དང་༼གངས་རིའི་མིག་ཆུ༽༼ཡེ་ཤེས་སྒྲོལ་མ༽༼ཁུ་ཁི་ཤི་རི༽༼ཧི་མ་ལ་ཡའི་རྒྱལ་སྲས༽༼བོད་ལྗོངས་ཀྱི་ནམ་མཁའ༽ཞེས་པ་དང་གཏམ་བརྗོད་ཟློས་གར་ ༼སྐད་ཆ་ཤོད་ཁོམ་མེད་པའི་མི༽ ཞེས་པ་དང་༼རོ་རྨི་ཨོ་དང་ཀྲུའུ་ལི་ཡེས༽༼དགེ་རྒན་དང་དགེ་ཕྲུག༽༼ར་བཟི་ལྷག་པའི་ཁྱིམ་གྱི་སྙོག་དྲ༽༼གུང་ཕན་སན༽༼འཐབ་འཛིང་པ་དང་ཨ་མ་ལགས༽༼ཧ་ལོ། བཀྲ་ཤིས༽ཞེས་པ་སོགས་གློག་བརྙན་དང་གཏམ་བརྗོད་ཟློས་གར་ལ་རྒྱལ་སྤྱི་རྒྱལ་ནང་གི་ཕུལ་བྱུང་བྱ་དགའ་མང་པོ་ཐོབ་མྱོང་ཡོད།

ལོ་ངོ50ལྷག་གི་འབད་འཐབ་ལས་བྱུང་བའི་ངོ་མཚར་གི་གཏམ་རྒྱུད་ནི། ས་མཐོའི་གཏམ་བརྗོད་ཟློས་གར་མི་སྣའི་ལང་ཚོའི་དཀྲག་མདངས་ཡིན་ངེས་ལ། ལོ་ངོ་ 50ཡི་གྲུབ་འབྲས་ནི་གཞན་གྱི་ཚབ་བྱེད་ཐབས་བྲལ་བའི་སྙིང་སྟོབས་ཀྱི་ཤུལ་བཞག་ཡིན་ངེས། སྔར་སོང་གི་ལོ་ཟླར་དྲན་གསོ་ཞིག་བྱས་ཚེ་བོད་ཀྱི་གཏམ་བརྗོད་ཟློས་གར་གྱིས་བསྐྱོད་ཟིན་པའི་ལམ་བུ་ནི་ཇི་འདྲའི་དཀའ་ཚེགས་ཆེ་བ་ཞིག་མ་རེད་དམ། ཡིན་ན་ཡང་། ཁོང་རྣམས་པས་ཏང་དང་མི་དམངས་ཀྱི་ཡུན་རིང་གསོ་སྐྱོང་གནང་བའི་རིག་རྩལ་གྱི་དཔུང་ཁག་ཞིག་ཡིན་པ་མ་བརྗེད་པར་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་དང་བསྟུན་ནས། དུས་བསྟུན་ཡར་རྒྱས་ཐོག་དེང་རབས་ཀྱི་གསར་དར་སྒྱུ་རྩལ་དང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གཉིས་མཉམ་བསྲེས་བྱས་ནས་མི་རིགས་ཀྱི་གཏམ་བརྗོད་ཟློས་གར་དེ་རྒྱལ་ནང་ཙམ་མ་ཟད། རྒྱལ་སྤྱིའི་སྒྱུ་རྩལ་ལྡུམ་རར་རྣམ་བཀྲའི་མེ་ཏོག་ཞིག་འོས་སྦྱོར་ཞུས་ཡོད།   །

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐོ་ཡིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཁོར་ཡུག་ཇེ་ལེགས་སུ་སོང་བ།
  • དོ་སྣང་ཆེ་བའི་རྩོམ།