ཧུའུ་ཅིན་ཐོ་ཡིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-12-31

ཧུའུ་ཅིན་ཐོ་ཡིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
ཟླ12པའི་ཚེས26ཉིན་ནས་ཚེས29ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཅང་སུའུ་ནས་བྱ་བར་རྟོག་ཞིབ་མཛད། འདི་ནི་ཧུའུ་ཅིན་ཐའོ་ཡིས་ཡན་ཁྲིན་གྲོང་ཁྱེར་ཏ་ཀྲུང་གྲོང་བརྡལ་ཧིན་པེ་སྡེ་བ་རུ་སྡེ་དམངས་རྣམས་ལ་བརྩེ་བའི་གསུང་གླེང་མཛད་དེ། མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2013ལོའི་ལུགས་གསར་ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐོ་ཡིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་དེ་ས་དེའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་འཚམས་འདྲི་མཛད་པ་དང་། ཚང་མར་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས། ཧུའུ་ཅིན་ཐོ་ཡིས་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། དོན་དངོས་དང་ཟུང་དུ་སྦྲེལ་ཏེ། སློབ་སྦྱོང་བྱས་པའི་ནང་དོན་བཀོལ་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་གྲུབ་འབྲས་གསར་བ་ལེན་པར་དགོས་ཟེར།

  26ནས་ཚེས29ཉིན་བར། ཧུའུ་ཅིན་ཐོ་ནན་ཅིན་དང་བུའུ་ཞི། ཐེ་ཀྲིག ཡན་ཁྲིན་སོགས་ས་ཆའི་ཁེ་ལས་དང་ཞིང་སྡེ། སློབ་གྲྭ་སོགས་སུ་ཕེབས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་བཟང་ཞིང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་མཛད།

  ཧུའུ་ཅིན་ཐོ་ཡིས་ཡན་ཁྲིན་གྱི་གོ་མིན་གསར་བརྗེ་དམག་སྐམ་དམག་གསར་བཙུགས་དམག་དཔུང་བཞི་བའི་དྲན་རྟེན་ཁང་ལ་གཟིགས་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་བགྲོད་ལམ་གསར་བ་གསར་གཏོད་བྱས། ང་ཚོས་ངེས་པར་དུ་གསར་བརྗེའི་སྔོན་རབས་པའི་གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་བྱས་ནས། མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་དཀའ་ཁག་ཁྱད་དུ་བསལ་ཏེ། གསར་བརྗེའི་ས་ཁུལ་རྙིང་བ་འཛུགས་སྐྲུན་བཟང་བོ་བྱས་ནས། ས་ཁུལ་རྙིང་བའི་མི་དམངས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཏུ་འཇུག་དགོས་ཟེར།

  རྟོག་ཞིབ་མཛད་སྐབས། ཧུའུ་ཅིན་ཐོ་ཡིས་ཅང་སུའུ་ཞིང་ཆེན་གྱིས་ལོ་འདི་འགའི་རིང་ལ་བླངས་པའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་། ཅང་སུའུ་ཞིང་ཆེན་གྱི་རྒྱ་ཆེའི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག ནམ་ཡིན་ཡང་གཡོ་འགུལ་མེད་པར་ཚན་རིག་གི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། ལྷོད་གཡེང་མེད་པར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་དགོས་པ་དང་། གཞི་རྩའི་དེང་རབས་ཅན་མངོན་འགྱུར་བྱེད་དགོས་ཟེར།  །


 

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་ཁྲིམས་ཁང་བྱ་བའི་གྲོས་ཚོགས་ཐེངས་ཉི་ཤུ་བ་པེ་ཅིན་ནས་ཚོགས་པ།
  • ལེ་ཚན་རྗེས་མ།:འོད་སྟོང་འབར་བའི་བོད་ཀྱི་གཏམ་བརྗོད་ཟློས་གར་གྱི་མི་ལོ50
  • དོ་སྣང་ཆེ་བའི་རྩོམ།