རྒྱལ་ཡོངས་ཀྱི་ཁྲིམས་ཁང་བྱ་བའི་གྲོས་ཚོགས་ཐེངས་ཉི་ཤུ་བ་པེ་ཅིན་ནས་ཚོགས་པ།

བཀྲ་ཤིས་འབུམ།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-12-28

རྒྱལ་ཡོངས་ཀྱི་ཁྲིམས་ཁང་བྱ་བའི་གྲོས་ཚོགས་ཐེངས་ཉི་ཤུ་བ་ཚེས་ཉེར་དྲུག་ཉིན་པེ་ཅིན་ནས་ཚོགས། ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་སྲུང་སྐྱོབ་བྱེད་རྒྱུ་དེ་མི་དམངས་ཁྲིམས་ཁང་བྱ་བའི་ལས་འགན་གཙོ་བོར་བཞག་སྟེ་བློ་ཐག་རྦད་ཆོད་སྒོས་མི་དམངས་མང་ཚོགས་ཀྱིས་བཏོན་པའི་ཁྲིམས་ཁང་གནད་དོན་ཐག་གཅོད་པ་དང་། བྱང་ཚད་མཐོ་བའི་ཁྲིམས་དཔོན་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ལ། ཧུར་ཐག་སྒོས་ཁྲིམས་འཛིན་དང་ཁྲིམས་ཁང་སྤྱོད་གཙང་ཡིན་པའི་བྱ་བ་བཟང་བོར་བསྒྲུབ་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་སྟོབས་དང་ལྡན་པའི་ཁྲིམས་འཛིན་གྱི་འགན་སྲུང་དང་ཞབས་ཕྱི་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
  • ལེ་ཚན་སྔོན་མ།:དེབ་གསར༼ གངས་རིའི་བརྩེ་མདངས ༽པར་དུ་བསྐྲུན་པ།
  • ལེ་ཚན་རྗེས་མ།:ཧུའུ་ཅིན་ཐོ་ཡིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།