རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་སུ་མུའུ་ཁྲི5600ལྷག་གི་རང་བྱུང་རྩྭ་ཐང་སོར་ཆུད་སྐྱེ་འཕེལ་བྱུང་།
མིག་དམར་གྱིས་བསྒྱུར། 2013-05-07
2005ལོ་ནས་བཟུང་།ཀྲུང་གོ་སྲིད་གཞུང་གིས་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་སུ་གཞི་ཁྱོན་ཆེ་བའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཨར་ལས་ལག་བསྟར་བྱེད་འགོ་བརྩམས་ཤིང་ལས་གྲྭ་འདི་ལ་མ་དངུལ་སྒོར་དུང་ཕྱུར75བཏང་ཡོད་ཅིང་། རྩྭ་ཐང་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི15.23ལ་ཟིན་ཞིང་མིས་བཟོ་འབད་བརྩོན་ལ་བརྟེན་ཏེ་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་ཀྱི་སྐྱེ་ཁམས་མ་ལག་ཉམས་རྒུད་དུ་འགྲོ་བར་ཁྱོན་ཡོངས་ནས་ཉམས་གསོ་བྱ་རྒྱུ་ཡིན་པ་རེད། དེའི་ནང་འབྲོག་བསྐྱུར་རྩྭ་འདེབས་དང་ཞིང་བསྐྱུར་ནགས་འཛུགས་ནི་ལས་གྲྭ་འདིའི་རྣམ་གྲངས་གཙོ་བོ་ཡིན།
ལོ་འགར་འབད་བརྩོན་བྱས་པར་བརྒྱུད། མིག་སྔར་གྱི་བར་དུ་རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་མུའུ་ཁྲི5671གི་རང་བྱུང་རྩྭ་ཐང་ལ་འབྲོག་བསྐྱུར་རྩྭ་འདེབས་བྱས་པ་མངོན་འགྱུར་བྱུང་སྟེ་སོར་ཆུད་སྐྱེ་འཕེལ་བྱུང་བ་རེད། རྩྭ་ཐང་བྱེ་འགྱུར་ལ་ཡང་བཀག་འགོག་བྱས་ཐུབ་ཡོད།
ལྟ་ཞིབ་ཚད་ལེན་བྱེད་པའི་གྲངས་ཀ་མངོན་པར། ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་། རྨ་འབྲི་རྫ་གསུམ་འབྱུང་ཁུལ་དུ་ཁྱབ་ཚད་འབྲིང་པའི་རྩྭ་ཐང་གི་རྒྱ་ཁྱོན་རྒྱུན་མཐུད་བརྟན་བརླིང་གི་རྣམ་པ་མངོན།ཁྱབ་ཚད་མཐོ་བའི་རྩྭ་ཐང་གི་རྒྱ་ཁྱོན་དེ་ལོ་རེར་སྤྱི་ལེ་གྲུབ་བཞི་མ2378ཀྱི་མགྱོ གས་ཚད་འཕར། མཐོ་གྲང་རྩྭ་ཐང་གི“གཅོང་ནད”ས་ནག་གི་གྲམ་ཐང་བཅོས་སྐྱོང་ཁུལ་གྱི་རྩི་ཤིང་ཁྱབ་ཚད་དེ་བཅོས་སྐྱོང་སྔོན་གྱི་བརྒྱ་ཆ20ནས་བརྒྱ་ཆ80ཡན་ལ་འཕར། གཞི་ཁྱོན་ཆེ་བའི་བྱེ་འགྱུར་རྩྭ་ཐང་ཁུལ་གྱི་རྩི་ཤིང་ཁྱབ་ཚད་དེ་བཅོས་སྐྱོང་སྔོན་གྱི་བརྒྱ་ཆ15ལ་མི་ཐོན་པ་ནས་བརྒྱ་ཆ38.2ལ་འཕར་བ་རེད།