སི་ཁྲོན་གྱིས་ཞིང་པར་རོགས་དངུལ་སྤྲོད་རྒྱུའི་སྲིད་ཇུས་ཚོད་ལྟའི་ལས་ཀ་སྤེལ་འགོ་ཚུགས།

ལྷ་འཛོམས་ཀྱིས་བསྒྱུར།        2013-05-07

སི་ཁྲོན་ཞིང་ཆེན་གྱིས་ཉེ་ཆར་འབྲུ་འདེབས་ཞིང་པར་ཐད་ཀར་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་གཏོང་བའི་ཚོད་ལྟ་ལས་ཀ་སྤེལ་འགོ་ཚུགས་པ་རེད། ད་ལྟར་ལག་བསྟར་བྱེད་བཞིན་པའི་ཁྲལ་བསྡུའི་རྒྱ་ཁྱོན་གྱིས་མ་གཞི་བྱས་ནས་ཁ་གསབ་དངུལ་རོགས་སྤྲད་པའི་སྲིད་ཇུས་དང་བསྡུར་ན།ལེགས་སྒྲིག་དང་འཐུས་ཚང་བཏང་རྗེས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་སྲིད་ཇུས་དེ་འབྲུ་རིགས་བཏབ་ཡོད་ན་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་བྱས་ཡོད།འབྲུ་རིགས་འདེབས་མེད་ན་ཁ་གསབ་རོགས་དངུལ་མི་སྤྲོད་རྒྱུ་བྱས་པ། སུས་འབྲུ་འདེབས་ན་དེར་ཁེ་ཕན་ཐོབ་རྒྱུ་སོགས་ཀྱི་རྩ་དོན་ལྟར་འབྲུ་རིགས་འདེབས་མེད་པའི་ཞིང་པ་དུད་ཚང་ལ་ཁ་གསབ་རོགས་དངུལ་མི་སྤྲོད་རྒྱུ་བྱས་པ་རེད། བརྒྱུད་བཤུག་ས་ཞིང་ཐོག་འབྲུ་རིགས་འདེབས་མཁན་ཞིང་དུད་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་བྱས།ཁ་གསབ་རོགས་དངུལ་དེ་འབྲུ་རིགས་འདེབས་མཁན་ཞིང་པར་སྤྲོད་རྒྱུ་དང་འབྲུ་རིགས་མི་འདེབས་པའི་ས་ཞིང་འགན་གཙང་ལེན་བྱེད་མཁན་ལ་མི་སྤྲོད་རྒྱུ་བྱས་པ་རེད།
    ཐེངས་འདིར་ཞིང་ཆེན་ཡོངས་སུ་འབྲུ་འདེབས་ཞིང་པར་ཐད་ཀར་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བའི་ཚོད་ལྟ་བྱ་ཡུལ་རྫོངགྲོང་ཁྱེར་དང་ཆུས12ཡོད།བདེ་ཐང་དང་རི་མ་ཐང་།རི་ཁུལ་བཅས་ལ་ཁྱབ་ཡོད།འབྲུ་རིགས་ཐོན་མང་ཤོས་ཀྱི་རྫོང་ཆེན་ཡོད་ལ། འབྲུ་རིགས་ཚོང་ས་ས་ཁུལ་ཡོད་པ།ད་དུང་མི་རིགས་ས་ཁུལ་ཡོད།
    ཁ་གསབ་རོགས་དངུལ་སྤྲོད་ཡུལ་ཐད་བཤད་ན།འཐུས་སྒོ་ཚང་དུ་བཏང་རྗེས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་སྲིད་ཇུས་དེ་འབྲུ་རིགས་འདེབས་ཡོད་ན་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་བྱས་པ་དང་འབྲུ་འདེབས་མེད་ན་ཁ་གསབ་རོགས་དངུལ་མི་སྤྲོད་རྒྱུའི་རྩ་དོན་ལྟར་འབྲུ་རིགས་འདེབས་མེད་པའི་ཞིང་དུད་དང་འབྲུ་རིགས་མི་འདེབས་ནས་ཞིང་ལས་ཐོན་རྫས་གཞན་དག་འདེབས་མཁན་ཞིང་དུད་ལ་ཁ་གསབ་རོགས་དངུལ་མི་སྤྲོད་རྒྱུ་བྱས་པ་རེད།དུས་མཚུངས་སུ་འབྲུ་རིགས་འདེབས་མང་ན་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་མང་བ་དང་འབྲུ་རིགས་འདེབས་ཉུང་ན་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཉུང་བ། སུས་འབྲུ་རིགས་འདེབས་ན་དེར་ཁེ་ཕན་ཐོབ་ཞེས་པའི་རྩ་དོན་ལྟར་བཤུག་སྤྲོད་ས་ཞིང་ཐོག་འབྲུ་རིགས་འདེབས་མཁན་གྱི་ཞིང་དུད་ལ་དེ་དང་འདྲ་བར་ཁ་གསབ་རོགས་དངུལ་ཐོབ་པ་བཅས་བྱས་ནས་ཁ་གསབ་རོགས་དངུལ་དེ་དངོས་གནས་འབྲུ་རིགས་འདེབས་མཁན་ཞིང་པར་ཁ་གསབ་སྤྲོད་བྱ་རྒྱུ་མ་གཏོགས། འབྲུ་རིགས་མི་འདེབས་པའི་ས་ཞིང་འགན་གཙང་ལེན་བྱེད་མཁན་ལ་མི་སྤྲོད་རྒྱུ་བྱས་ཡོད་པ་རེད།
    ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ཐད་སྔར་བཞིན་འབྲུ་རིགས་འདེབས་ཡོད་མེད་ཚང་མར་ཁྲལ་བསྡུ་རྒྱ་ཁྱོན་དང་ས་ཞིང་འགན་གཙང་ལེན་བྱེད་པའི་རྒྱ་ཁྱོན་ལྟར་གཏོང་སྤྲོད་བྱ་རྒྱུ་དེ་གཙོ་བོ་འབྲུ་རིགས་དངོས་གནས་འདེབས་འཛུགས་བྱས་པའི་རྒྱ་ཁྱོན་ལྟར་ཁ་གསབ་རོགས་དངུལ་སྤྲོད་རྒྱུར་སྒྱུར་བ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་རྡལ་ལས་བཟོའི་ནད་གཞི་ཚབས་ཆེར་ཉེན་འགོག་འགན་སྲུང་གི་ལམ་ལུགས་ལག་བསྟར་བྱས
  • ལེ་ཚན་རྗེས་མ།:རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་སུ་མུའུ་ཁྲི5600ལྷག་གི་རང་བྱུང་རྩྭ་ཐང་སོར་ཆུད་སྐྱེ་འཕེལ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།