མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་རྡལ་ལས་བཟོའི་ནད་གཞི་ཚབས་ཆེར་ཉེན་འགོག་འགན་སྲུང་གི་ལམ་ལུགས་ལག་བསྟར་བྱས།

(མིག་དམར་གྱིས་བསྒྱུར།)        2013-05-06

ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། མཚོ་སྔོན་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཟླ5པའི་ཚེས1ཉིན་ནས་བཟུང་གྲོང་ཁྱེར་དང་གྲོང་རྡལ་ལས་བཟོའི་ནད་གཞི་ཚབས་ཆེར་ཉེན་འགོག་འགན་སྲུང་གི་ལམ་ལུགས་ལག་བསྟར་བྱ་རྒྱུ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་ལས་བཟོའི་སྨན་བཅོས་ཉེན་འགོག་འགན་སྲུང་ཐད་ཆ་སྙོམས་ལོ་རེར་མ་དངུལ་བསྡུ་གསོག་གི་ཚད་གཞི་དེ་སྒོར60ཡིན་ཞིང་མི་སྒེར་གྱིས་སྤྲོད་དགོས་པའི་མ་དངུལ་སྒོར7000སླེབས་མཁན་ཚང་མ་ནད་གཞི་ཚབས་ཆེའི་ཉེན་འགོག་འགན་སྲུང་གི་གྲས་སུ་བཞག་པར་བརྟེན།རང་ཉིད་ཀྱིས་སྤྲད་དགོས་པའི་སྨན་ཡོན་འགྲོ་གྲོན་དེ་རང་ཉིད་ཀྱིས་སྤྲད་དགོས་པའི་ཚད་གཞི་ལས་བརྒལ་བའི་འགྲོ་སོང་རྩིས་ཞུ་ཆ་ཤས་ཀྱི་བསྡུར་ཚད་དེ་བརྒྱ་ཆ85ལ་ཟིན་པ་རེད། འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་ནད་གཞི་ཚབས་ཆེན་སྨན་བཅོས་ཉེན་འགོག་འགན་སྲུང་ལག་ལེན་བྱེད་ཚད་ཁྱོན་ཡོངས་ལ་ཁྱབ་པའི་རྨང་གཞིའི་ཐོག་ནད་གཞི་ལྗིད་པོའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གསར་པ་ཞིག་རེད།
ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་བཅོས་བསྒྱུར་ལག་བསྟར་བྱས་པ་ནས་བཟུང་། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་ནད་གཞི་ཚབས་ཆེ་ཕོག་མཁན་རྣམས་སྨན་ཁང་དུ་སྡོད་པའི་རིན་པ་དོན་དངོས་ཐོག་འགྲོ་སོང་རྩིས་ཞུའི་བསྡུར་ཚད་དེ་བརྒྱ་ཆ80ལ་ཟིན་པས་ཕན་ནུས་ལྡན་པའི་སྒོས་ནད་གཞི་ཚབས་ཆེའི་སྨན་ཡོན་ཁུར་པོ་ཇེ་ཡང་དུ་བཏང་ཡོད། རྨང་གཞི་དེའི་ཐོག་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་རྡལ་ལས་བཟོའི་ནད་གཞི་ཚབས་ཆེའི་ཉེན་འགོག་ལམ་ལུགས་འདོན་རྒྱུའི་གཏན་འཁེལ་བྱས་ཏེ།  སྔར་ལྷག་གིས་གྲོང་ཁྱེར་དང་གྲོང་རྡལ་ལས་བཟོའི་སྨན་བཅོས་ཉེན་འགོག་ལམ་ལུགས་ནང་ཞུགས་མཁན་མི་སྣའི་སྨན་ཡོན་ཆེན་པོའི་ཁུར་པོ་ཇེ་ཡང་དུ་བཏང་ནས་ནད་ཕོག་པའི་རྐྱེན་གྱིས་དབུལ་པོར་འགྱུར་བའི་གནད་དོན་སྔོན་འགོག་བྱས་པ་རེད།
  • ལེ་ཚན་སྔོན་མ།:རྒྱལ་ཁབ་འབྲུ་རིགས་ཅུས་ཀྱིས་གནོད་སྐྱོན་ཐེབས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས“མི་རེར་ཉིན་རེར་བཟའ་འབྲུ་རྒ
  • ལེ་ཚན་རྗེས་མ།: སི་ཁྲོན་གྱིས་ཞིང་པར་རོགས་དངུལ་སྤྲོད་རྒྱུའི་སྲིད་ཇུས་ཚོད་ལྟའི་ལས་ཀ་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།