རྒྱལ་ཁབ་འབྲུ་རིགས་ཅུས་ཀྱིས་གནོད་སྐྱོན་ཐེབས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས“མི་རེར་ཉིན་རེར་བཟའ་འབྲུ་རྒྱ་མ་གང”ཁ་གསབ་སྤྲོད།

        2013-05-06

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར།  གནོད་འཚེས་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་པའི་མང་ཚོགས་མི་རེར་ཉིན་རེར་བཟའ་འབྲུ་རྒྱ་མ་གང་ཁ་གསབ་སྤྲོད་པའི་འབྲེལ་ཡོད་མཛུབ་སྟོན་དགོངས་པ་གཞིར་བཟུང་ནས་རྒྱལ་ཁབ་འབྲུ་རིགས་ཅུས་ཀྱིས་ཉིན་ཤས་བསྟུད་མར་ཞིབ་ཕྲའི་དོན་འཁྱོལ་ཇུས་གཞི་དང་བྱེད་ཐབས་ཛ་དྲག་ཆེ་བའི་ངང་བཀོད་སྒྲིག་བྱས་པ་རེད།
རྒྱལ་ཁབ་འབྲུ་རིགས་ཅུས་ཀྱིས་ཅུས་ཀྲང་རེན་ཀྲེན་ཞའོ་ཡིས་འབྲུ་རིགས་སྡེ་ཚན་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་བཀོད་སྒྲིག་གཞིར་བཟུང་འབྲེལ་ཡོད་ལས་ཀའི་བྱེད་ཐབས་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་བཏང་ནས་འབྲུ་རིགས་མཁོ་སྤྲོད་ལས་དོན་ཧུར་ཐག་བསྒྲུབས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་ལྟོ་ཆས་བཟའ་རྒྱུ་ཡོད་པ་དང་།  གྲོད་པ་རྒྱགས་པ།  ཉེན་མེད་བདེ་འཇགས་ཀྱི་ལྟོ་བཟའ་རྒྱུ་ཡོད་པ།  བློ་བདེ་བག་ཕེབས་དང་ལྟོ་བཟའ་བ་བཅས་ཀྱི་འགན་ལེན་བྱེད་དགོས་པ་ལས་རྒྱལ་ཁབ་ཀྱི་སྤུས་ཚད་བདེ་འཇགས་ཚད་གཞི་དང་མི་མཐུན་པའི་འབྲུ་རིགས་གནོད་སྐྱོན་ཐེབས་ཁུལ་དུ་གཏན་ནས་མི་སྤྲོད་པར་འབྲུ་རིགས་མཁོ་སྤྲོད་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ལས་རིགས་ཁག་གི་ཕུལ་དུ་བྱུང་བའི་ན་གཞོན་འཐུས་ཚབ་དང་བཞུགས་མོལ་བྱས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་རྡལ་ལས་བཟོའི་ནད་གཞི་ཚབས་ཆེར་ཉེན་འགོག་འགན་སྲུང་གི་ལམ་ལུགས་ལག་བསྟར་བྱས
  • དོ་སྣང་ཆེ་བའི་རྩོམ།