ཞི་ཅིན་ཕེན་གྱིས་ལས་རིགས་ཁག་གི་ཕུལ་དུ་བྱུང་བའི་ན་གཞོན་འཐུས་ཚབ་དང་བཞུགས་མོལ་བྱས་པ།

ཀླུ་འབུམ་བྱམས།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-05-06

 ཞི་ཅིན་ཕེན་གྱིས་ལས་རིགས་ཁག་གི་ཕུལ་དུ་བྱུང་བའི་ན་གཞོན་འཐུས་ཚབ་དང་བཞུགས་མོལ་བྱས་པ།

ཟླ་ལྔ་བའི་ཚེས་བཞིའི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་ལྔ་བའི་ཚེས་བཞིའི་ཉིན་ཀྲུང་གོ་མཁའ་སྐྱོད་ཚན་རྩལ་སྡེ་ཚོགས་ཀུང་ཟིའི་ཀྲུང་གོ་བར་སྣང་སྟོང་ཁམས་ལག་རྩལ་ཞིབ་འཇུག་ཁང་དུ་ཕེབས་ཏེ། ལས་རིགས་ཁག་གི་ན་གཞོན་དང་བཞུགས་མོལ་བྱས་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕེན་གྱིས་ལས་རིགས་ཁག་གི་ཕུལ་དུ་བྱུང་བའི་ན་གཞོན་འཐུས་ཚབ་དང་བཞུགས་མོལ་བྱས་པ།

འདི་ནི་བཞུགས་མོལ་ཚོགས་འདུའི་སྔོན་ལ། ཞི་ཅིན་ཕེན་གྱིས་འགྲེམ་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པའི་ཕུལ་བྱུང་ན་གཞོན་འཐུས་ཚབ་དང་མཉམ་པར་ལེན་པའི་ཚུལ་རེད། 

ཞི་ཅིན་ཕེན་གྱིས་ལས་རིགས་ཁག་གི་ཕུལ་དུ་བྱུང་བའི་ན་གཞོན་འཐུས་ཚབ་དང་བཞུགས་མོལ་བྱས་པ།

འདི་ནི་བཞུགས་མོལ་ཚོགས་འདུའི་སྔོན་ལ། ཕུལ་བྱུང་ན་གཞོན་འཐུས་ཚབ་དང་གླེང་མོལ་བྱེད་པའི་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་ལྔ་བའི་ཚེས་བཞིའི་ཉིན་ཀྲུང་གོ་མཁའ་སྐྱོད་ཚན་རྩལ་སྡེ་ཚོགས་ཀུང་ཟིའི་ཀྲུང་གོ་བར་སྣང་སྟོང་ཁམས་ལག་རྩལ་ཞིབ་འཇུག་ཁང་དུ་ཕེབས་ཏེ།   ལས་རིགས་ཁག་གི་ཕུལ་བྱུང་ན་གཞོན་འཐུས་ཚབ་དང་བཞུགས་མོལ་བྱས་བར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

    ཞི་ཅིན་ཕེན་གྱིས་ན་གཞོན་ལ་སྤོབས་པ་དང་ཕུགས་བསམ་ཆེས་ལྡན་པས། ན་གཞོན་དར་ཚེ་རྒྱལ་ཁམས་དར་བ་ཡིན། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཕུགས་འདུན་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཤེས་བྱ་ཐ་དག་སྦྱངས་བ་མཐིལ་ཕྱིན་བྱེད་པ། གསར་སྐྲུན་དང་གསར་གཏོད་བྱེད་ཕོད་པ་དང་། དཀའ་སྤྱད་འབད་བརྩོན། བླ་མེད་གཤིས་བཟང་ལ་བརྟེན་ནས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལག་ལེན་ཁྲོད་དུ་ལང་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་དང་། མི་དམངས་ཀྱི་ཁེ་ཕན་གྱི་དོན་དུ་འབད་འབུངས་བྱེད་པའི་ཁྲོད་དུ་མི་ཚེའི་རིན་ཐང་ངོམ་དགོས་ཞེས་ནན་གྱིས་བསྟན།

    ཚང་མའི་གཏམ་བཤད་ལ་ཉན་རྗེས། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ལོ་རྒྱུས་དང་དོན་དངོས་ལས་ན་གཞོན་རྣམས་ལ་ཕུགས་བསམ་དང་འགན་ཐེག་པའི་བློ་སྤོབས་ལྡན་ན། རྒྱལ་ཁབ་ལ་མདུན་ལམ་དང་མི་རིགས་ལ་རེ་བ་ཡོད་པ་དང་། ང་ཚོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་འཛད་མཐའ་མེད་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་ང་ཚོར་ར་སྤྲོད་བྱས། ཀྲུང་གོའི་ཕུགས་འདུན་ནི་ལོ་རྒྱུས་དང་དངོས་ཡོད་ལ་འབྲེལ་བ་ཡོད་ཅིང་། འབྱུང་འགྱུར་ལའང་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་དང་མི་རིགས། ཀྲུང་གོ་བ་རེ་རེར་འབྲེལ་བ་ཡོད་ལ། ན་གཞོན་རྣམས་ལ་དེ་བས་འབྲེལ་བ་ཡོད་པས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་མཐར་མར་རྒྱ་ཆེའི་ན་གཞོན་རྣམས་ཀྱི་གཅིག་རྗེས་གཉིས་མཐུད་ཀྱི་འབད་འབུངས་ཁྲོད་དུ་མངོན་འགྱུར་བྱེད་དགོས་ཞེས་བསྟན།

    ཞི་ཅིན་ཕེན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་རྒྱུ་ནི། ཀྲུང་གོ་ན་གཞོན་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པས། གུང་གཞོན་ཚོགས་པས་རྒྱ་ཆེའི་ན་གཞོན་ལོ་ཆུང་གི་ཁྲོད་དུ་ང་ཡི་ཀྲུང་གོའི་ཕུགས་འདུན་ཞེས་པ་བརྗོད་བྱ་ཡིན་པའི་སློབ་གསོའི་ལག་ལེན་བྱ་འགུལ་ལེགས་པོར་སྤེལ་བ་དང་། ཀྲུང་གོའི་ཕུགས་འདུན་ལ་བརྟེན་ནས་རྒྱ་ཆེའི་ན་གཞོན་ལོ་ཆུང་ཐུན་མོང་གི་བསམ་པའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ཕུགས་འདུན་ལ་བརྟེན་ནས་ན་གཞོན་ལོ་ཆུང་གི་ལོ་རྒྱུས་འགན་འཁྲིའི་བསམ་བློ་སྐུལ་ཏེ། ན་གཞོན་ལོ་ཆུང་ཚང་མས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ལང་ཚོའི་ནུས་པ་ཆེན་པོ་འདོན་དུ་འཇུག་དགོས་པ་ནན་གྱིས་བསྟན།

    གུང་གཞོན་ཚོགས་པ་ཀྲུང་དབྱང་དང་། སློབ་གསོ་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་དང་། ཀྲུང་གོ་ན་གཞོན་ལྔ་བཞིའི་རྟགས་མ་ཐོབ་མཁན། ཀྲུང་གོ་ན་གཞོན་ལས་སྐྲུན་རྟགས་མ་ཐོབ་མཁན་སོགས་ལས་རིགས་ཁག་གི་ཕུལ་བྱུང་ན་གཞོན་འཐུས་ཚབ་བཅས་མི་བདུན་ཅུ་ཙམ་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འགྲེམ་སྟོན་བལྟས། །

  • ལེ་ཚན་སྔོན་མ།:2013ལོའི《མི་རིགས་རྩོམ་རིག》ལོ་ཙཱའི་བྱ་བའི་ཚོགས་འདུ་བསྡུས་པ།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་འབྲུ་རིགས་ཅུས་ཀྱིས་གནོད་སྐྱོན་ཐེབས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས“མི་རེར་ཉིན་རེར་བཟའ་འབྲུ་རྒ
  • དོ་སྣང་ཆེ་བའི་རྩོམ།