ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་གྲོལ་བ།

ཀླུ་འབུམ་བྱམས།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-12-24

ཉིན་གཉིས་ལ་ཚོགས་པའི་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་གྲོལ། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དང་། 2012ལོ་དང་འདས་པའི་ལོ་བཅུའི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་གྲུབ་འབྲས་སྤྱི་སྡོམ་ཞིབ་མོ་བྱས་པ་དང་། “ཞིང་གསུམ”བྱ་བར་འཕྲད་པའི་གནས་བབ་གསར་བ་དང་འགྲན་རྩོད་གསར་བར་དབྱེ་ཞིབ་ཟབ་མོ་བྱས། དེང་རབས་ཞིང་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་སྡེའི་འཕེལ་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་གནད་སར་བཀོད་དེ་ཞིབ་འཇུག་བྱས་པ་དང་། 2013ལོ་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་ཞིང་ལས་དང་ཞིང་སྡེ་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་གིས་ཐེངས་འདིའི་གྲོས་ཚོགས་གཙིགས་ཆེན་དུ་བཟུང་། ཚོགས་འདུའི་སྔོན་ལ། ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་གྲོས་ཚོགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས། ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བཅས་བསྡུས་ཏེ་ཚོགས་འདུའི་ཡིག་ཆར་ཆེད་དུ་ཞིབ་འཇུག་བྱས་པ་དང་། ཞིང་ལས་དང་ཞིང་སྡེ་བྱ་བའི་བྱ་བར་རེ་བ་གསལ་བོ་བཏོན།
ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེང་རབས་ཞིང་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་ཞིང་སྡེའི་འཕེལ་ཤུགས་སྔར་ལས་ཇེ་ཆེར་གཏོང་བའི་སྐོར་གྱི་བསམ་འཆར་འགའི་གྲོས་བསྡུར་མ་ཡིག་ལ་གྲོས་བསྡུར་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོས་ལེང་ཡུས་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད།
ཚོགས་ཐོག་ནས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཞིང་ལས་དར་རྒྱས་སུ་གཏོང་བ་དང་ཞིང་སྡེ་ལ་ཕན་བདེ་བསྐྲུན་པ། ཞིང་བ་ཕྱུག་པོར་སྒྱུར་རྒྱུ་དང་། ཞིང་སྡེ་བཅོས་བསྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་འབད་བརྩོན་དང་། མཁར་གྲོང་མཉམ་གཅིག་ཏུ་དར་རྒྱས་འབྱུང་བའི་རྣམ་པ་གསར་བ་བསྐྲུན་པར་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཧི་པེ་དང་ཧྲན་ཞི། ཅི་ལིན། ཀྲེ་ཅང་། ཧྲན་ཏུང་། སི་ཁྲོན་སོགས་ཞིང་ཆེན་དྲུག་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཀྱིས་ཚོགས་ཆེན་སྟེང་གཏམ་བཤད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་མཱ་ཁེ་ཡིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།

  • ལེ་ཚན་སྔོན་མ།:བོན་གྱི་ཞིབ་འཇུག་ཆེད་མཁས་པ་སྟོང་སྐོར་ཚེ་རིང་ཐར་ལགས་ནས་འཆད་ཁྲིད་གནང་བ།
  • ལེ་ཚན་རྗེས་མ།:2012ལོའི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར122ལ་བསླེབས་པ།
  • དོ་སྣང་ཆེ་བའི་རྩོམ།