2012ལོའི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར122ལ་བསླེབས་པ།

    བོད་ལྗོངས་གསར་འགྱུར་དྲ་བ།    2012-12-24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་གྱི་ལོའི་འཆར་འགོད་ལས་འགན་ཟླ་བ1གི་སྔ་སྣུར་དུ་ལེགས་གྲུབ་ཟིན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི1568ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་མི་དམངས་ཤོག་སྒོར་དུང་ཕྱུར122་ལ་བསླེབས་པ་རེད།

ད་ལོའི་ཚུན་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་སྡེ་ཚན་གྱིས“ཡུལ་སྐོར་གྱི་མཁོ་སྤྲོད་མང་དུ་གཏོང་བ”དང“ཡུལ་སྐོར་གྱི་འཛད་སྤྱོད་ཤུགས་ཆེར་གཏོང་བའི”གཙོ་གནད་གཉིས་ལ་དམིགས་ཏེ་ཞིང་ཆེན་དེ་ཡོངས་ཀྱི་གཙོ་གནད་མཛེས་ལྗོངས་ཁུལ་དང་། རྣམ་གྲངས་འགངས་ཆེན། ཡུལ་སྐོར་སྣེ་ལེན་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ཡུལ་སྐོར་གྱི་ཆ་རྐྱེན་ལེགས་སུ་ཆེས་ཆེར་འགྲོ་བར་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་གྱི་གསང་སྤྱོད་སྒྱུར་བཀོད་བྱས་ཐོག་ཡུལ་སྐོར་གྱི་མཁོ་སྤྲོད་ནུས་ལྡན་ངང་མང་དུ་གཏོང་ཐབས་ཧུར་ཐག་བྱས་ཡོད། རྒྱུན་འཁྱོངས་ལྷོད་མེད་ངང་དྲིལ་བསྒྲགས་ལ་དམ་འཛིན་བྱས་ཏེ་ས་ཁོངས་ཕྱི་ནང་གི་འགྲུལ་ཁུངས་གཙོ་བོའི་ཁྲོམ་རར“མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་བརྗོད་བྱ་གཙོ་བོའི་གཟུགས་བརྙན་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་གཏོང་བ་དང་གཙོ་གནད་ཡུལ་སྐོར་ཁྲོམ་ར་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ཐོག་མཚོ་སྔོན་གྱི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འཕྲོག་ཤུགས་སྔར་བས་ཆེ་རུ་བཏང་ཡོད།ཡུལ་སྐོར་ཐོན་ཟོག་དང་། ཁྲོམ་ར། འཛད་སྤྱོད་པའི་གྲུབ་ཆ་བཅས་བཟང་སྒྲིག་དང་ལེགས་སྒྲིག་བྱས་ཏེ་ཞིང་ཆེན་ཕྱི་རོལ་དང་ས་མཚམས་ཕྱི་རོལ་གྱི་ཡུལ་སྐོར་བ་དེ་བས་མང་བ་ཚུར་འགུག་ཐབས་བྱས་ཐོག་ཡུལ་སྐོར་བ་དུས་ཡུན་དེ་བས་རིང་བ་བསྡད་དེ་འཛད་སྤྱོད་དེ་བས་མང་བ་བྱེད་ཐབས་བྱས་པ་རེད།

2012ལོའི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར122ལ་བསླེབས་པ།

ད་ལོའི་ཟླ་བ1པོ་ནས་ཟླ་བ11པའི་བར་མཚོ་སྔོན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི1568ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས12%འཕར་ཡོད་པ་དང་ཡུལ་སྐོར་སྤྲོ་འཆམ་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་བརྒྱའི་འགག་སྒོ་ཆེ་མོ་ལས་སྒྲོལ་ཞིང་། འདི་ནི་ཟླ12པའི་ཚེས19ཉིན་མཚོ་སྔོན་དམར་གཙང་རྫོང་ནས་ཡོང་བའི་འཚེམ་དྲུབ་ལག་རྩལ་པ་གཉིས་ཀྱིས་མཛེས་པའི་མཚོ་སྔོན་གྱི་ཡུལ་སྐོར་སྤྲོ་འཆམ་རིག་གནས་འགྲེམས་ཚོགས་ཐོག“འཚེམ་དྲུབ་ལག་རྩལ་ངོམས་པའི”གནས་ཚུལ་ཡིན་པ་རེད།  །

  • ལེ་ཚན་སྔོན་མ།:ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་གྲོལ་བ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།