《གེ་སར》ལོ་རྒྱུས་སྙན་རྩོམ་སྒྱུ་རྩལ་འགྲེམ་སྟོན་པེ་ཅིང་དུ་སྤེལ་རྒྱུ་ཡིན་པ།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-12-21
ཉེ་ལམ། རྒྱལ་ཡོངས《གེ་སར》འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ12བའི་ཚེས23ཉིན། མཚོ་སྔོན་མགོ་ལོག《གེ་སར》སྒྱུ་རྩལ་གྲུབ་འབྲས་འགྲེམ་སྟོན་དང《གེ་སར》ལོ་རྒྱུས་སྙན་རྩོམ་སྒྱུ་རྩལ་འགྲེམ་སྟོན་གྱི་བྱ་འགུལ་པེ་ཅིང་དུ་སྤེལ་རྒྱུ་ཡིན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། གྲུབ་འབྲས་འགྲེམ་སྟོན་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དང་། རྒྱལ་ཡོངས《གེ་སར》འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་། མཚོ་སྔོན་ཞིང་ཆེན《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་དང་། ཀྲུང་གོའི་དྲིལ་སྒྲོག་པུའུ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གལ་ཆེའི་མངགས་བཅོལ་ལས་གཞི《གེ་སར་མྱུར་སྐྱོབ་དང་། སྲུང་སྐྱོང་། ཞིབ་འཇུག》བརྗོད་གཞི་ཚན་ཆུང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབ།
དེ་མིན་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་རྒྱལ་ཡོངས་ས་ཁུལ་སོ་སོའི《གེ་སར》རིག་པའི་ཁྱབ་ཁོངས་སུ་མིང་དུ་གྲགས་པའི་འཇམ་དཔལ་རྒྱ་མཚོ་དང་། གཅོད་པ་དོན་གྲུབ། དབྱང་ཨིན་ཧུང་། ནོར་སྡེ། སི་ཆེན་མཱན་ཧི་སོགས《གེ་སར》ཞིབ་འཇུག་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་བགྲོ་གླེང་སྤེལ་རྒྱུ་ཡིན་པ་རེད།